| | e-texts navigator
|
86a1 དེ་ནས་བཅོམ་ལྡན་འདས་ཀྱིས་བསྐུལ་བྱར་འདི་སྐད་ཅེས་གསུངསོ་ཁྱད་པར་རིམ་པར་བསྟན་པའི་ཁྲོ་གཉེར་ནི།།ཡེ་ཤེས་དབྱིངས་ཀྱིས་ཀུན་ལ་ཁྱབ་པར་སྟོན།།ཁྲོ་བོ་བན
86a2 དང་བརྒྱད་དང་བཅུ་ལ་སོགས།།སྟོན་པ་མཆོད་ཕྱིར་ཁྲོ་བོ་མང་པོ་བསྟན།།ངང་ཁཾ་ཀུན་ཁྱབ་ཤུགས་ཁྲོ་རང་རང་འདུལ་བ་ཡི།།བྱེ་བྲག་སོ་སོར་རབ་ཏུ་ཤེས་བྱ་ལ།།མཚོན་མ་དྲག་པོ་ཞི་བ་དབང
86a3 དང་རྒྱས།།གོ་རིམས་བཟློག་སྟེ་རབ་ཏུ་བཤད་པར་བྱ།།ལྟེ་བར་བཅས་པའི་རྩིབས་ཙོན་ལ།།འཁོར་བ་བཙོ་དེ་བྱེད་རྩེ་མོ་ཙནི།།གྲུ་གསུམ་ཨེ་ཡི་ཕོ་བྲང་ལ།།ཟླ་གམ་རྣམ་གསུམ་དབང་གི།
86a4 ཚུལ།།མུ་ཁྱད་དང་ཅན་རྒྱས་པ་ཕྱི།།རྣམ་བཞིར་ལྡན་པའི་འཁོར་ལོ་ལྔ།།རབ་ཏུ་མཛེས་པའི་ཐིག་གདབ་བོ།།དབུས་སུ་མ་ཧེའི་ཞིང་གདན་ལ།།རྩེ་དབུས་ཞིང་བརྐྱང་རེ་རེའོ།།རུས་པ་ཆོ
86a5 ཀྱི་རྦ་རླབས་བྲེག་ཏུ་སྤུངས།།རག་ཏོ་ཁྲག་གི་རྦ་གློང་མཚོ་ལྟ་བུ།།གནམ་ལྕགས་ངུར་མོ་རབ་ཏུ་ཏ་ལ་ལ།།དུར་ཁྲོད་རབ་ཏུ་བརྒྱན་པ་དེ་བཤམ་མོ།།དབུས་སུ་ཁྲོ་རྒྱལ་གཤིན་རྗེ་གཤེད།།སྐུ
86a6 ནི་ནག་པོ་དགེ་འདྲ་ལ།།དབུ་གསུམ་དཀར་དམར་མཐིང་བ་སྟེ།།རལ་པ་ཁ་མ་ནག་སྲིད་རྩེར་འབར།།རྩེ་ལ་མེ་འབར་རྐེད་ནས་ཞག་ཀྱང་འཛག།རྩ་བ་ཆུ་སྟེ་སྡང་མིག་རབ་ཏུ་བསྐྲད།།ཕྱག་དྲུག
86a7 ཕྱག་མཚན་བསྙེམས་པའི་ཐོར་ཚུགས་ནི།།སྡིབས་འཛུབ་རྒྱུ་ཞགས་ལྕགས་ཀྱི་གཡས།།དུང་ཆེན་མདང་ཐུང་གསལ་ཤིང་གཡོན།།ཞབས་བཞི་ཐུར་དུ་བསྟན་པ་ནི།།བརྐྱང་བསྐུམ
iiif viewer powered by OpenSeadragon
85b - 86b