| | e-texts navigator
|
85b1 ཁྲིམས་ཅད་དགྱེས་པར་གྱུར་ཏོ།།དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དབང་ཕྱུག་གི་འཁོར་མྱ་ངན་ལས་འདས་པ་ཐམས་ཅད་དང་བཅས་ནས་སྒྲའི་བརྒྱན་གྱིས་བརྒྱན་ཏོ།།
85b2 སོ་སོའི་བཙུན་མོའི་དགྱེས་པས་སྐུའི་ཉམ་སུ་བཏར་བར་གྱུར་ཏོ།།དེ་ལྟར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་བསྐུ་ལངས་སྟེ།འདི་སྐད་ཅེས་ཆེད་དུ་བརྗོད་དོ།།སྐུ་གསུང་ཐུགས་རྣམས
85b3 འགྲོ་བ་སོ་སོར་འདུལ།།ངང་གིས་ཞི་བའི་དབྱིངས་ལས་མ་གུཡོས་ཀྱང་།།དྲིན་ལས་རྣམ་པཞིས་འགྲོ་བ་སོ་སོར་འདུལ།།དེ་ཕྱིར་མཆོག་གི་རྒྱལ་པོ་འདི་བཤད་དོ།ཞེས་གསུངས་པས་འཁོར
85b4 རྣམས་རབ་ཏུ་དགའི་མགུ་རངས་པར་གྱུར་ཏེ་འདི་སྐད་ཅེས་གསོལ་ཏོ།།སྐུ་གསུང་ཐུགས་ཀྱིས་འགྲོ་བ་རང་རང་འདུའོ།།དབྱིངས་ལས་འདྲེན་པོ་རྡོ་རྗེ་གསྔོར་བྱས་ཏེ།འདི་ལྟར་འདུལ་བར་མཛད
85b5 དེམཚར་ཆེ་ཞེས་བརྗོད་དོ།།སྐུ་ལ་ཞུགས་ནས་མི་སྣང་བར་གྱུར་ཏོ།།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོ་བོས་འདུལ་བར་མཁྱེན་ནས་འདི་སྐད་ཅེས་གསུངསོ།།ཁྲེ་དང་སྤྱད་ཀི་སྲིན
85b6 མོ་མུ་སྟེགས་རྣམས།།བདུད་དེང་ལོག་འདྲེན་ཐམས་ཅད་ཆེར་གཅད་ཕྱིར།།ཆོས་ཉིད་སྒྱུ་མ་ལྟ་བུ་སྤྲུལ་ནས་དྲིན་ལས་མཇེད་ཅེས་གསུངས་པས།འཁོར་རྣམས་ངོ་མཚར་དུ་གྱུར་ཏེ།འོདི
85b7 སྐད་དུ།ེ་མ་ཚ་བའི་ཡོན་ཏན་ཀུན་ལ་ཁྱབ་པ་ལ།།རང་གིས་ཁྲོ་བོར་བསྟན་པ་འདི་ལྟ་རོ།།ངོ་མཚོར་རྨད་བྱུང་སྤྲུལ་པ་འདི་ལྟ་བུ།།རབ་ཏུ་མི་སྲིན་འདུལ་བ་ངོ་མཚར་ཆེ།།ཞེས་གསོལ་ཏོ།།
iiif viewer powered by OpenSeadragon
85a - 86a