| | e-texts navigator
|
83a1 །བྱེད་པ།།དེ་ཉིད་ང་ཡིན་དབང་ཡང་རྫོགས།།རྟག་ཏུ་བྱུང་ན་པ་སོམྦྷསྣ་ལ་གནས།།ཚེ་འདི་ཉིད་ཀྱིས་མངོན་སངས་རྒྱས།།ནོར་བུ་རིན་ཆེན་འབར་བལྟར།།བསམ་པ་རྣམས་ཅད
83a2 ཡིད་བཞིན་བགྲུབ།།ཅེས་གསུངས་པས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ཏེ།མཉམ་པ་ཉིད་ཀྱི་དབྱིངས་ན་ལུན་སྟུག་པོ་བཀོད་པའི་རྒྱན་ཉིད
83a3 དུ་བཞུག་སོ།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་སྒྱུ་འཕྲུལ་བླ་མ་ཆེན་པོ་ལ་སཱ་གརྡེང་ཆེན་པོའི་ལེའུ་སྟེ་བཅུ་གསུམ་པའོ།།།རྟོགས་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པ
83a4 ལས་ལུང་གི་སྤྱི་སངས་རྒྱས་ཐམས་ཅད་ཀྱིས་གསང་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་བླ་མ་ཆེན་པོའི་ལེའུ་ལས་ཐམས་ཅད་མ་ལུས་པར་འཕྲོས་པ་དེ་དག་གི་འབྲས་བུའི་མཆོག
83a5 རྫོག་སོ།།།།རྒྱ་གར་སྐད་དུ།ཨཱརྱ་མཉྫུ་ཤྲཱི་ཀརྨ་ཙཱད་ཏ་རི་ཙཀྲ་གུ་ཧྱ་ཏ་ན་ཏྲ།བོད་སྐད་དུ།འཕགས་པ་འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད།འཕགས་པ་འཇམ་དཔལ་ཡེ
83a6 ཤེས་སེམས་དཔའ་ལ་ཕྱག་འཚལོ།།འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།བཅོམ་ལྡན་འདས་དགྱེས་པ་ཆེན་པོར་གྱུར་ཏེ།ཡུམ་ཆེན་མོ་དང་གཉིསུ་མེད་པའི་མཁའ་ལ་གཞུགས་པ
83a7 ལ་འདི་ལྟ་སྟེ།འཁོར་ཁྲོ་བོ་དང་ཁྲོ་མོ་དང་།མ་མོ་དང་མངག་གཞུག་དང་།འབངས་ལ་སོགས་པ་རྣམས་ཀྱིས།དེ་བཞིན་གཤེགས་པ་ཆེན་པོ་ལ་འདུད་པའི་ཚུལ་དུ་བཞུགསོ།།དེ་ནས
iiif viewer powered by OpenSeadragon
82b - 83b