e-texts navigator
Collection
Volume
Page
Wylie

82a1 །ཆེན་པོ་ལ་སོགས་ཏེ།།རྡོ་རྗེ་ཆགས་འོག་ལྡེགས་པའི་རྣམས།།དུས་གཅིག་ཏུ་ནི་ཙི་ཏ་ཏ་འབྱིན།།སྟིར་ཆེན་པོའི་རྔ་སྒྲ་ཡིས།།སྲིད་པ་ཁྲག་གི་རྒྱ་མཚོར་བསྐྱིལ།།དུས་ད
82a2 ཏུ་ནི་དབང་ཆེན་རྫོགས།།རྔ་སྒྲ་རིན་ཆེན་ཁང་པ་བརྩེགས།།བསམ་རྫོགས་ཚེ་ལ་དབང་ཐང་ཐོབ།།རྔ་སྒྲས་གཱ་ཡི་བ་མེད་པར་བྱེད།།ཆོས་ལ་འཇུད་པའི་སྒྲ་ཡང་འབྱིན།།རྔ་སྒྲས་ནི་འདོད་དགོངས་པ
82a3 རྫོགས།།བྱང་ཆུབ་སེམས་ལྟར་དེ་མ་ཐག།ཅེས་གསུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པོ་ཉིད་ཀྱི་སྦྱོར་བར་གྱུར་ཏོ།།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན
82a4 པོ་ཡེ་ཤེས་རྒྱལ་པོ་དེ་ཉིད་ཀྱི་དཀྱིལ་འཁོར་བླ་མ་ཆེན་པོ་མན་ངག་གི་སྙིང་པོ་དང་བཅས་པ་དེ་ལ་ཤིན་ཏུ་རྔམ་པའི་གདངས་ཀྱིས་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ།།ཧཱུཾ་གཏུམ་ཆེན་དུས
82a5 མཐའི་མེ་ལྟར་འབར།།འོད་ཟེར་ཉི་མ་འབུམ་གྱི་གཟི།།ཁྲོ་གཉེར་གློག་སྟོང་འབྱུ་བ་བཞིན།།མཆེ་བཟང་ཡུག་ཟ་བྱེད་ཆེ།།ཧོ།ཧཱུཾ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར།།ཏུ་གེ་ཚེ་ནུ་རཱི་རབ་འབུམ
82a6 རྙིལ་སྐད།། ལ་ལ་ཡི་གདུ་རྒྱངས་ཆེ།།དབྱུགས་པའི་འཐོར་རླུང་གཡེང་བ་ཚེ།།ཧ་ཧཱུཾ་ཁྲོ་བོའི་ཤེས་རབ་འོད་པ་ཚོ།།ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གས་ལེ།།འབར་བའི་ཡེ་ཤེས་ཀུན
82a7 ཏུ་འཇོམས།།སྣ་ཚོགས་ཡེ་ཤེས་ཐིག་ལེ་ཚེ།།ཧོ་དྷཱུ་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ།།ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས།།དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར།།




iiif viewer powered by OpenSeadragon

81b - 82b

Texts on this page

N753 - gsang ba'i snying po de kho na nyid nges pa'i bla ma chen po'o