e-texts navigator
Collection
Volume
Page
Wylie

81b1 སྟེར་རྐྱེན་འདི་འརྡུངས་པས།།གནོད་སྦྱིན་སྲིན་པོ་ཀུན་བསྒྲལ་ཏེ།།མུ་སྟེགས་ཀུན་གྱི་སྙིང་ཡང་འབྱིན།།སྤྱིར་ལ་ཆེན་འདི་བསྒྲགས་པས།།སྟོང་གསུམ་ཁྲོ་བའི་ཆགས་ཀྱུས་བཀང་།།ཀུན་ཀྱང
81b2 བརྡུང་དི་རེ་རི།།རྔ་སྡེསྒོ་ཆེན་པོས་སྟོང་གསུམ་ཤིག།ཛ་སྒྲ་ཆེན་པོས་བདུད་དཔུང་བསྒྲལ།།རྔ་སྒྲ་ཆེན་པོས་སྲིད་གསུམ་སྦྱངས།།རྔ་སྒྲ་ཆེན་པོས་སྨྲ་བགེགས་འདུལ།།རྔ་སྒྲ་ཆེན་པོས་ངན་སོང་སྦྱངས།།
81b3 དསྒྱུ་འབྲུག་གི་སྒྲ་བསྒྲུགས་པས།།ན་རིག་དམྱལ་ཁམས་སྟོངས་པར་བྱེད།།རྔབྷྲཱུཾ་སྟུག་ཆེན་རི་རིབ་རྙི་ལ།།སྟེར་རྔ་ཚན་སྒྲ་ཕྱུང་བས།།ཕྱིན་ཅི་ལོག་རྣམས་སྙིང་ཡང་འབྱིན།།རྔ་ཆེན་འབྲུག་གོ་སྒྲ
81b4 བསྒྲགས་ཤིང་།།རྔ་ཐེབས་གློག་སྟོང་འགྱུ་བ་བཞིན།།དེ་བཞིན་གཤེགས་པའི་ཐུགས་དམ་བསྲུང་།མ་མོ་མཁའ་འགྲོའི་དམ་ཚིག་བསྐངས།།རྣལ་འབྱོར་རྣམ་ལྔའི་དམ་ཚིག་བསྐུལ།།སྟི་ར་རྗེ་ཆེན
81b5 འདི་བརྡུངས་པས།།ཉན་ཐོས་མདོ་སྡེ་གནས་ནས་སྦར།།རང་རྒྱལ་ལྟ་བ་དབྱིང་སུ་སྒྲོལ།།སྟི་རི་རྔ་ཆེན་འདི་བསྒྲགས་པས།།ལྷ་དང་མིའི་ཐེག་པ་ཡང་།།བླ་མེད་ཐེག་པའི་དབྱིངསུ་བཙུད།།
81b6 སྟིར་རྔ་སྒྲ་འདི་སྒྲགས་པས།།སྟོང་ཁམས་སྟི་རའི་རྔ་སྒྲས་བཀང་།།ཀུན་ཀྱང་རྔ་བརྡུང་དིར་རི།།རྔ་ཐབས་གློག་སྟོང་ལྕེ་འབྱིན་ཅིང་།།རྔ་སྐད་འབྲུག་སྟོང་སྒྲ་སྒྲོགས་པས།།བྱིན་རླབས་ལྕགས་ཀྱིས
81b7 ཚོན་འབེབས།།སྟོང་གསུམ་འཁྲུག་ཅིང་སྲིད་གསུམ་འཐོར།།རྔ་ཐབས་གཡབ་མོར་བོར་བ་དང་།།ཁ་དང་ཀ་ཡཻ་རུ་མཚན་གྱིས།།ཐམས་ཅད་གན་མེ་ལྕགས་ཆེན་པོས་བཏབ།།ཀ་ལ




iiif viewer powered by OpenSeadragon

81a - 82a

Texts on this page

N753 - gsang ba'i snying po de kho na nyid nges pa'i bla ma chen po'o