| | e-texts navigator
|
80a1 རྣམས་ཀྱི་དགོངས་པ་ཡང་དག་པའི་ཕྲིན་ལས་ཆེན་པོ་འདིར་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཆེད་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་།།ེ་ཡི་ཚོགས
80a2 ཀྱི་དཀྱིལ་འཁོར་མཆོག།འབར་བ་གཏུམ་ཆེན་རྔམ་པ་ལ།།ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ།།སངས་རྒྱས་བསོད་ན་མོས་སྐུ་ཡང་འཇིག།བདུད་རྩི་ལྔ་འམ་ཟས་ལྔ་ལ།།མཚན་མ་མིང་དུ་བཅས
80a3 པར་བྱ།།བཀུག་ནས་རྡོ་རྗེའི་ཕུར་པས་གདབ།།རྡུལ་དུ་བྱས་ནས་ཚོགས་ལ་འབུལ།།ེ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ།།ལུ་གུ་རྒྱུད་དུ་སྤེལ་བསྡམས་ནས།།བཅིངས་གྱུར་བསྐྱོད་ནས་ཕྱོགས
80a4 བཅུར་གཡོས།།མོས་འགྱུར་གས་ཏེ་ཚིག་པར་འགྱུར་རོ།།བཾ་གྷི་ཚོགས་ཀྱི་དཀྱིལ་འཁོར་མཆོག།འབར་བའི་གཟི་བརྗིད་ལྷུན་ཚོན་ལོ།།ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ།།རྡོ་རྗེ་གསུམ
80a5 ཡང་དབང་དུ་འགྱུར།།བདུད་རྩི་ལྔ་འམ་ཟས་ལྔ་ལ།།མཚན་མ་མིང་དུ་བཅས་པར་བྱ།།རྡོ་རྗེ་ཆགས་པའི་ཕུར་པས་གདབ།།ཆགས་པའི་ཚོགས་ལ་ཐིམ་པར་དབུལ།།བཾ་གྷི་ཚོགས་ཀྱི་དཀྱིལ་འཁོར
80a6 དུ།ལུ་གུ་རྒྱུད་དུ་སྤེལ་བསྡམས་ནས།།ཅི་འདོད་དེ་བཞིན་བྱེད་པར་འགྱུར།།མ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག།འབར་བའི་འདུ་འཕྲོའི་གཟི་ཆེན་ལ།།དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱ།།
80a7 ཡོན་ཏན་ན་མཁའི་མཐའ་དང་མཉམ།།བདུད་རྩི་ལྔའམ་ཟས་ལྔ་ལ།།ཡན་ཏན་ཡིད་བཞིན་གཏེར་དུ་བརྟག།ང་རྒྱལ་དགའ་འཕྲོའི་ཕུ་རཔས་གདབ།།རྡོ་རྗེ་གཟི་བརྗིད་འཕེལ་བར་བརྟག།མི་ཡི
iiif viewer powered by OpenSeadragon
79b - 80b