e-texts navigator
Collection
Volume
Page
Wylie

9b1 མཆོག་བདག་པོ་དེས་འཁོར་རྣམ་པར་སྦྱོར་བའི་རྡོ་རྗེ་རྒྱན་ཞེས་བྱ་བའི་ཏིང་འཛིན་ལ་སྨོས་པར་ཞུག་སོ།།སྙོམས་པར་ཞུགས་ནུས་རྡོ་རྗེ་སྔགས་ཀྱི་ཚིག་འདི་གསུངསོ།།ཧཱུཾ་ཧཱུཾ་ཧཱུཾ་རྡོ་རྗེ་འདུ་བར
9b2 བསྡུས་པ་ཡི།།དམ་ཚིག་ཆེན་པོའི་རོ་ག་འཛིན་རྣམས།བླ་འོག་རིམ་པ་ཇི་བཞིན་དུ།།རྡོ་རྗེ་གསང་བའི་བྲལ་འཁོད།།རིགས་མ་ཡིན་པ་རིགས་མིན་འགྱུར།།བསྐལ་པ་བཟང་པོའི་དམ
9b3 ཚིག་འདྲི།།སྐལ་པ་ངན་ལ་འབབ་མི་འགྱུར།།དེ་ལས་འདས་ན་དེ་རླག་བྱེད།།ཧཱུཾ་ཀྲོ་དྷ་ཛཱི་ལ་ས་མ་ཡ།རཀྵ་ཛཱ་ལ་ས་མ་ཡ།ཡཀྵ་ཛཱི་ལ་ས་མ་ཡ།ཙིད་ཏ་ཛཱི་ལ་ས་མ་ཡ།ཞེས་གསུངས་པ།
9b4 ཙམ་གྱིས་ཞལ་ལྗགས་ཀྱི་དབང་པོ་འོད་མེ་དཔུང་ཆེན་པོ་ལས་ཁྲོ་བོ་འོད་ཀྱི་ཕྲེང་བ་འབར་བ་དང་།སྲིན་པོ་འོད་ཀྱི་ཕྲེང་བ་འབར་བ་དང་།གནོད་སྦྱིན་འོད་ཀྱི་ཕྲེང་བ་འཁྲུག་པ་དང་།ཟ་བྱེད་འོད
9b5 ཀྱི་ཕྲེང་བ་འབར་བ་རྒྱུད་མར་བྱུང་བས་རུ་ཏྲ་ཅན་དང་།བདུད་དང་།སྲིན་མོ་དང་།གནོད་སྦྱིན་དང་།སྲིན་པོ་དང་།འཇུག་སྲེད་དང་།སྲེད་མེད་དང་།དབང་ཕྱུག་དང་།སྟོབས་ལྡན་དང་།
9b6 སྤྲེའུ་དང་།ར་དང་།ལུ་འདི་དང་།སྦྲང་མ་དང་།བྱ་རོག་དང་།མེ་ཁྱེར་དང་།འཁོར་བ་དང་།ཆུ་དང་།སེ་དང་།ན་མཁའ་དང་།མེ་དང་།སྒྲ་དང་།བསམ་ངན་ལ་སོགས་པ་བརླག་སྟེ།
9b7 མི་གནས་པར་གྱུར་ཅིང་།རྨ་དུ་བྱུང་བ་ཉི་དུ་མཛད།།དེ་ནས་འོད་ཟེར་དེ་དག་མཁའ་ལ་འཁྱིལ་པ་དང་།འཁོར་མང་པོ་དག་ཤིན་ཏུ་སྐྲག་སྟེ་གསོལ་བ་བཏབ་པ།ེ་མ་ཧོ།ེ་མ་བདག




iiif viewer powered by OpenSeadragon

9a - 10a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo