e-texts navigator
Collection
Volume
Page
Wylie

9a1 ཀླས་པ་ཁྱབ་པར་ཤྭར་བར་མཛད་དོ།།འོད་ཟེར་དེ་དག་རེ་རཱི་ལས་རྡོ་རྗེ་ཧེ་རུ་ཀ་རབ་ཏུ་མང་བའི་ཚོགས་ཤར་བར་མཛད།།དེ་དག་རེ་རེ་ལས་ཀྱང་སངས་རྒྱས
9a2 འབུམ་ཕྲག་འཁོར་སོའི་ཞ་འབྲིང་བཅས་པ་ལྷུན་གྱིས་གྲུབ་པར་མཛད།།དེ་དག་ལས་རིག་པའི་ཉི་མའི་ཆར་མངོན་པར་ཕབ་པྲས་མུན་པའི་ཀློང་ཐམས་ཅད་གསལ་བར་མཛད།།རིག
9a3 པའི་ཆོས་ཀྱི་འབྲུག་སྒྲ་དང་།རིག་པའི་ཆོས་ཀྱི་ཆར་དང་།རིག་པའི་ཆོས་ཀྱི་གླུ་སྣ་ཚོགས་དང་།གར་སྣ་ཚོགས་དང་།རིག་པའི་ཆོས་ཀྱི་མཆོད་པ་སྣ་ཚོགས་བྱུང་སྟེ།འབྱམ་ཀླས
9a4 པའི་ནམ་མཁའ་ལ་སྒྲ་སྣ་ཚོགས་ཕན་ཚུན་དང་།ཡན་མན་དང་།སྣརེལ་བཞི་ལ་སོགས་པ་ཐམས་ཅད་དུ་ཁྱབ་པར་ལིང་ལོང་ཆད་པར་བྱུང་།།མཆོད་པའི་ཆར་ཡང་མངོན་པར་ཕབ
9a5 རྨ་དུ་བྱུང་བའི་སྐུ་བསམ་གྱིས་མི་ཁྱབ་པ་ཡང་ལིང་ལོང་ཆད་རྨ་དུ་བྱུང་བའི་ཐུགས་ཀྱང་ལྷང་ངེའོ།།རྨ་དུ་བྱུང་བའི་གསུང་བསམ་གྱིས་མི་ཁྱབ་པ་ཡང་ཨ་ལ་ལ་ཧོ།།ཞེ་སྒྲ་སྒྲོགས
9a6 སངས་རྒྱས་འབུམ་ཕྲག་ཀྱང་གསུང་དབྱངས་བསམ་གྱིས་མི་ཁྱབ་པའི་སྒྲ་གཅིག་ཏུ་ཨོཾ་མ་ཧོ།།རྨད་བྱུང་རོལ་པའི་ཆོས་ཀྱི་དོན་བྱུང་ཞེ་སྒྲོགས།འཁོར་འབུམ་ཕྲག་དང་གདུལ་བྱ
9a7 སྣ་ཚོགས་སྤྲོ་བའི་ངོ་མཚར་བསྐྱེད།རིག་པའི་རྩལ་སྦྱངས་དོན་གྱི་ཕྱེ་བ་ཕྱུང་ངམ་ཞིང་མཚར་བར་གྱུར་ཏེ་ཐམས་ཅད་ཉེ་བར་གནསོ།།དེ་ནས་ཡང་བཅོམ་ལྡན་འདས་གསང་བ




iiif viewer powered by OpenSeadragon

8b - 9b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo