| | e-texts navigator
|
8a1 པ་སྣ་ཚོགས་ཞབས་ཀྱི་བརྐྱང་བསྐུམ་དང་།སྐུའི་འགྱུར་བག་དང་།སྨིན་རིས་ཀྱི་འབྲི་ཀུ་ཏ་བསྒྱུར་བ་དང་།སྤྲུལ་པའི་འོད་ཟེར་གྱིས་ན་མཁའ་ཐམས་ཅད་ཀུན
8a2 ཏུ་ཁྱབ་པར་མཛད་དོ།།དེ་ནས་ཐམས་ཅད་དང་།ཐམས་ཅད་ལ་མཚན་མ་དང་།རྣམ་པ་དང་།ཡོད་པ་དང་།མེད་པ་ཐམས་ཅད་ལ་གསང་བ་མཆོག་བདག་པོ་དེས་ཀུན་ལ
8a3 ཁྱབ་པར་མཛད་དོ།།དེ་དག་གི་རང་བཞིན་དུ་རྣམ་པར་གནསོ།།དེ་ནས་རྡོ་རྗེ་ཀུན་ཏུ་བཟང་མོ་དེ་ངོ་མཚར་དུ་གྱུར་ཏེ།ཡང་རྣལ་འབྱོར་པའི་ཕྱག་ལུས་ཀུན་ཏུ་ས་ལ་བརྡབས་ཏེ
8a4 ཆོ་འཕྲུལ་འབྱུང་བའི་གླུ་འདིས་གསོལ་བ་བཏབ་པོ།།ཡེ་ཤེས་སྒྱུ་མ་རྣམ་པར་རོལ་པའི་སྐུ།།ཐབས་དང་ཤེས་རབ་ཚེ་ལ་མངའ་བརྙེས་པའི།།འཕགས་རྗེ་སྤྲུལ་པ་མང་པོ་འབྱུང་བའི
8a5 གནས།བད་གཤེགས་བདེ་བར་གཤེགས་མཛད་བཞེངསུ་གསོལ།།དེ་ནས་བཅོམ་ལྡན་འདས་གསང་བ་མཆོགི་བདག་པོ་དེས་རྡོ་རྗེ་རོལ་པའི་དེ་ཁོ་ན་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས
8a6 པར་ཞུགས་ནས་ཅད་མི་གསུང་བར་བཞུག་སོ།།དེ་ནས་ཡུམ་རྡོ་རྗེ་ཀུན་ཏུ་བཟང་མོ་དང་།དམ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་འཁོར་ཤིན་ཏུ་མང་པོ་རྣམས་ངོ་མཚར་དུ
8a7 གྱུར་ཏེ།དེ་དག་ཐམས་ཅད་མགྲིན་གཅིག་ཏུ་རྡོ་རྗེ་རོལ་པའི་དེ་ཁ་ནིའི་གླུ་འདིས་བསྐུལ་ཏེ་གསོལ་བ་བཏའོ།།ེ་མ་ཧོ།།ཡིད་བཞིན་སྐུ་མཆོག་ན་མཁའ་ལྟ་བུ་ལས།།ཁྱབ་པའི
iiif viewer powered by OpenSeadragon
7b - 8b