| | e-texts navigator
|
7b1 མཆོད་པ་དང་།རོལ་པ་སྣ་ཚོགས་ཀྱི་གླུ་དང་།རོལ་པ་སྣ་ཚོགས་ཀྱི་གར་དང་།རོལ་པ་སྣ་ཚོགས་ཀྱི་རྔ་དྲང་།དུང་དང་།ཀོར་ཀོར་དང་།གླིང་བུ་དང་།རོལ་པ་སྣ་ཚོགས་ཀྱི་རྒྱན་དང་།
7b2 རོལ་པ་སྣ་ཚོགས་སྒེག་པ་དང་།སྟེག་པ་དང་།འཁྱུད་པ་དང་།སྟེང་པ་དང་།སྦྱོར་བ་དང་།བསྟིམ་པ་དང་།མཉེས་པ་དང་།རོལ་པ་སྣ་ཚོགས་ཀྱིས་གསོལ་པ་དང་།མྱང
7b3 བ་དང་།འཆའ་བ་དང་།བདེ་བ་དང་།སྤྲོ་བ་དང་།འཇོ་བ་དང་།འཇུག་པ་དང་།རོལ་པ་སྣ་ཚོགས་ཀྱིས་དགའ་བ་ཆེན་པོ་ལ་འཇུག་པ་རྣམ་པར་མཛདདོ།།དེ་ནས་ཡུམ་ཀུན་ཏུ།
7b4 བཟང་མོ་དེས་སྤྱན་ཟིམ་བག་གིས་རྣམ་པར་འདུད་པའི་ཚུལ་དུ་བཅོམ་ལྡན་འདས་གསང་བ་མཆོག་འདྲག་པོ་ལ་རྣམ་པར་བལྟས་ཏེ།རྣལ་འབྱོར་སྦྱོར་བའི་ཕྱག་ལུས་ཀུན་ཏུ་ས་ལ་བརྡབས།
7b5 ནས་རོལ་པ་ཆེན་པོའི་གྲཝ་འདིས་གསོལ་བ་བཏབ་པོ།།ཆགས་ཆེན་གཉིས་རྫོགས་ཐུགས་དམ་དབྱིངས་ཀྱི་ལྷ།།ལོང་སྤྱོད་རྫོགས་མཛད་རོལ་པོ་ཆེན་པོའི་སྐུ།།རྡོ་རྗེ་སེམས་དཔའ
7b6 སྐལ་བཟང་དཔལ་ཁྱོད་བདག།ཐབས་ཀྱིས་རོལ་པ་བདེ་ཆེན་དབྱིངས་ནས་བཞེངས།།དེ་ནས་བཅོམ་ལྡན་འདས་གསང་པོ་མཆོགི་བདག་པོ་དེས་གླུ་དེས་བསྐུལ་བར་ཐུགསུ་ཆུད་ནས
7b7 བདེ་བ་ཆེན་པོའི་ངང་དེ་ལས་ཆོ་འཕྲུལ་ཆེན་པོར་རྣམ་པར་བཞེངས་ཏེ།རྣམ་པར་བགྱིང་བ་དང་།རྣམ་པར་བརྗིད་པ་དང་།གར་གྱི་ཕྱག་རྒྱ་ཆེན་པོ་དང་།རྣམ་པར་བཤད
iiif viewer powered by OpenSeadragon
7a - 8a