e-texts navigator
Collection
Volume
Page
Wylie

7a1 ཞེས་བྱ་བའི་ངང་ལ་སྙོམས་པར་ཞུགསོ།།གསུང་མཉམ་པ་ཉིད་མི་དམིགས་པ་ཞེས་བྱ་བའི་ངང་ལ་རྣམ་པར་ཞུག་སོ།།ཐུགས་མཉམ་པ་ཉིད་མི་དམིགས
7a2 བ་ཞེས་བྱ་བའི་ངང་ལ་རྣམ་པར་བཞུགས་ཏེ་འཇུག་པ་འམ།ལྡོག་པ་འམ།རྣམ་པར་ལྡོག་པ་མི་དམིག་སོ།།དེ་ནས་བཅོམ་ལྡན་འདས་གསང་བ་མཆོག་བདག་པོ་དེས་དབྱིངས་ཀྱི
7a3 ངང་ལ་མི་གཡོ་བར་མན་ལ་བཞིན་དུ་ཡུམ་རྡོ་རྗེ་ཀུན་ཏུ་བཟང་མེས་སྟོང་པ་ཉིད་ཀྱི་ཀླུ་འདི་བླངས་ཏེ།རྣམ་པར་བསྐུལ་ཏོ།།ཡོད་མིང་སྟོང་པ་ཤིན་ཏུ་རྣལ་འབྱོར་མཐུས།།ནོ་མཁའ
7a4 བཞིན་ལས་དམ་ཚིག་ཉེ་བར་གཤེགས།།ཡེ་ཤེས་རྒྱ་མཚོ་རྣམ་པར་གྲོལ་བའི་ཀློང་།།མི་གནས་མི་དམིགས་ན་མཁའི་དབྱིངས་ནས་གཞེངས་ཞེས་བསྐུལ་ནས་བཅོམ་ལྡན་འདས
7a5 གསང་བ་མཆོག་བདག་པོ་དེས་ཆོས་ཐམས་ཅད་བྱང་ཆུབ་སེམས་ལ་ཤར་བར་མཁྱེན་ནས་སྟོང་པ་ཉིད་ཀྱི་ངང་ལས་རྡོ་རྗེའི་སྐུ་མངོན་དུ་ཕྱུང་སྟེ།དཔེར་ན་ན་མཁའ་དངས་པ་ལས་ཟླ་བ་དྲི
7a6 མ་མེད་པར་ཤར་བ་ལྟ་བུའོ།།དེ་ནས་ཡུམ་སཾ་པ་ཤ་རི་ཀཱ་ལ་གཟིགས་ཏེ།འཛུམ་པ་རྣམ་པར་མཛད།།དཔེར་ན་ཉི་མ་སྟོང་ལས་འོད་ཀྱི་ཟེར་བཀྱེ་བ་ལྟ་བུའོ།།དེ་ནས་འོད་ཀྱི་ཟེར
7a7 དེ་དག་ལས་བྱང་ཆུབ་ཀྱི་མངོན་པར་འཁྲིགས་ཏེ།རོལ་པའི་ཆར་མངོན་པར་ཕབ་པས་རོལ་པ་སྣ་ཚོགས་ཀྱི་འབྲུག་དང་།རོལ་པ་སྣ་ཚོགས་ཀྱི་གློག་དང་།རོལ་པ་སྣ་ཚོགས་ཀྱི




iiif viewer powered by OpenSeadragon

6b - 7b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo