| | e-texts navigator
|
5b1 རྣལ་འབྱོར་མ་ཐག་ཤཱ་ཤོ་རི་ཀ་ཞེས་བྱ་བ་དང་།འཇོམས་བྱེད་ཆེན་མོའི་རྣལ་འབྱོར་མོ་ཧྲྀ་ཤ་ཤཽ་རི་ཀཱ་ཞེས་བྱ་བ་དང་།འཇོམས་བྱེད་ཆེན་མོའི་རྣལ་འབྱོར་མ་ཀྲ་ཤཱ་ཤོ་རི་ཀྲོ་ཞེས་བྱ་བ་དང་།
5b2 འཇོམས་བྱེད་ཆེན་མོའི་རྣལ་འབྱོར་མཽ་ཀ་ཤ་ཤོ་རི་ཀ་ལ་སོགས་ཏེ།ཤིན་ཏུ་འཇོམས་བྱེད་ཆེན་པོའི་འཁོར་དང་།གཞན་ཡང་ཟ་བྱེད་ཆེན་པོའི་འཁོར་འདི་ལྟ་སྟེ།ཟ་བྱེད་ཆེན་པོའི་སངས
5b3 རྒྱས་རུ་ཏཱི་ཧེ་རུ་ཀ་ཞེས་བྱ་བ་དང་།ཟ་བྱེད་ཆེན་པོའི་སངས་རྒྱས་རག་ཏི་ཧེ་རུ་ཀ་ཞེས་བྱ་བ་དང་།ཟ་བྱེད་ཆེན་པོའི་སངས་རྒྱས་ཁ་ཧཱི་ཧེ་རུ་ཀ་ཞེས་བྱ་བ་དང་།ཟེ་བྱེད་ཆེན་པོའི་སངས་རྒྱས་ས་ཧཱ
5b4 ཧེ་རུ་ཀ་ཞེས་བྱ་བ་དང་།ཟ་བྱེད་ཆེན་མོའི་རྣལ་འབྱོར་མ་རུ་ཏི་ཤོ་རི་ཀ་ཞེས་བྱ་བ་དང་།ཟ་བྱེད་ཆེན་མོའི་རྣལ་འབྱོར་མ་ཏག་ཏི་ཤོ་རི་ཀ་ཞེས་བྱ་བ་དང་།ཟ་བྱེད་ཆེན་མོའི་རྣལ་འབྱོར་མ་ཁ་ཧི
5b5 ཤོ་རི་ཀ་ཞེས་བྱ་བ་དང་།ཟ་བྱེད་ཆེན་མོའི་རྣལ་འབྱོར་མ་ས་ཧ་ཤོ་རི་ཀ་ཞེས་བྱ་བ་ལ་སོགས་པ་རྣལ་འབྱོར་མའི་འཁོར་རབ་ཏུ་མང་ཞིང་བསམ་གྱིས་མི་ཁྱབ་པའི་ཧེ་རུ་ཀཱ་མཐའ་ཡས་པ་ཤ་སྟག
5b6 རྣམས་དང་།གཞན་ཡང་གསང་བའི་བུ་མོའི་འཁོར་འདི་ལྟ་སྟེ།གསང་བའི་བུ་མོ་དཀར་མོ་ཞེས་བྱ་བ་དང་།གསང་བའི་བུ་མོ་རྐུན་མོ་ཞེས་བྱ་བ་དང་།གསང་བའི་བུ་མོ་རྨོངས་མོ་ཞེས་བྱ་བ
5b7 དང་།གསང་བའི་ཡུམ་རོ་ལངས་མ་ཞེས་བྱ་བ་དང་།གསང་བའི་བུ་མོ་ལྦོས་མོ་ཞེས་བྱ་བ་དང་།གསང་བའི་བུ་མོ་གཏུ་མོ་ཞེས་བྱ་བ་དང་།གསང་བུའི་བུ་མོ་སྨེ་ཤ་ཅན་ཞེས་བྱ་བ་དང་།
iiif viewer powered by OpenSeadragon
5a - 6a