e-texts navigator
Collection
Volume
Page
Wylie

4b1 དམཆོག་ཆེན་མོ་པདྨའི་དབང་ཕྱུག་མ་ཞེས་བྱ་བའོ་རྣལ་འབྱོར་མ་ཚུན་མཱཾ་དང་།དམ་ཚིག་ཆེན་མོ་རྒྱན་གྱི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མཚོན་མོ་ལ་སོགས་ཏེ།ཤིན་ཏུ་མི
4b2 འདའ་བ་ཆེན་པོའི་འཁོར་དང་།གཞན་ཡོད་ཚད་མེད་པའི་འཁོར་འདི་ལྟ་སྟེ།གསང་བ་ཆེན་པོ་བྱམས་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་།གསང་བ་ཆེན་པོ་སྙིང་རྗེའི་སྙིང
4b3 པོ་ཞེས་བྱ་བའི་སངས་རྒྱས་དང་།གསང་བ་ཆེན་པོ་དགའ་བའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་།གསང་བ་ཆེན་པོ་བཏང་སྙོམས་ཀྱི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་།གསང
4b4 བ་ཆེན་པོ་བདྲེ་བའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་།གསང་བ་ཆེན་མོ་འཇོམས་བྱེད་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མོ་ཆེན་མོ་དང་།གསང་བ་ཆེན
4b5 མོ་དགའ་བའི་དབང་ཕྱུག་མི་ཞེས་བྱ་བའི་རྣལ་འབྱོར་མོ་ཆེན་མོ་དང་།གསང་བ་ཆེན་མོ་ཁྱབ་པའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མོ་ཆེན་མོ་དང་།ཤིན་ཏུ་ཚད་མེད
4b6 པའི་འཁོར་དང་།གཞན་ཡང་རོལ་པ་ཆེན་པོའི་འཁོར་འདི་ལྟ་སྟེ།རོལ་པ་ཆེན་པོའི་སངས་རྒྱས་ཡཀྵ་ཧ་རུ་ཀ་ཞེས་བྱ་བ་དང་།རོལ་པ་ཆེན་པོའི་སངས་རྒྱས་རཀྵ་ཧེ་རུ་ཀ་ཞེས
4b7 བྱ་བ་དང་།རོལ་པ་ཆེན་པོའི་སངས་རྒྱས་བྷི་ག་ཤ་ཧེ་རུ་ཀ་ཞེས་བྱ་བ་དང་།རོལ་པ་ཆེན་པོའི་སངས་རྒྱས་པོ་ཤྭ་ཧེ་རུ་ཀ་ཞེས་བྱ་བ་དང་།རོལ་པ་ཆེན་མོའི་རྣལ་འབྱོར་མ་ཡཏྣ




iiif viewer powered by OpenSeadragon

4a - 5a

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo