e-texts navigator
Collection
Volume
Page
Wylie

4a1 @མང་པོ་དང་ཐབས་གཅིག་ཏུ་བཞུགས་པ་ནི་འདི་ལྟ་སྟེ།ཆོ་འཕྲུལ་ཆེན་པོ་ན་མཁའི་དབང་ཕྱུག་ཅེས་བྱ་བའི་སངས་རྒྱས་དང་།ཆོ་འཕྲུལ
4a2 ཆེན་པོ་རྣམ་གྲོལ་སྦྱིན་པ་ཞེས་བྱ་བའི་སངས་རྒྱས་དང་ཆོ་འཕྲུལ་ཆེན་པོ་རྣམ་གྲོལ་སྒྲོགས་པ་ཞེས་བྱ་བའི་སངས་རྒྱས་དང་།ཆོ་འཕྲུལ་ཆེན་པོ་ཐམས་ཅད་གྲུབ་པ་ཞེས
4a3 བྱ་བའི་སངས་རྒྱས་དང་།ན་མཁའི་བུ་མོ་དབང་མོ་ཞེས་བྱ་བའི་རྣལ་འབྱོར་མཚན་མོ་དང་།ན་མཁོའི་བུ་མོ་དགའ་སྡུད་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་།ནམ
4a4 མཁའི་བུ་མོ་རྣམ་པར་གདུང་མ་ཞེས་བྱ་བའི་རྣལ་འབྱོར་མོ་ཆེན་མོ་དང་།ན་མཁའི་བུ་མོ་སྒྲོལ་མ་ཞེས་བྱ་བའི་རྣལའི་བྱེར་མཚོན་མོ་ལ་སོགས་ཏེ།ཤིན་ཏུ་གསང
4a5 བ་ཆེན་པོའི་འཁོར་དང་།གཞན་ཡོང་དམ་ཚིག་ཆེན་པོའི་འཁོར་འདི་ལྟ་སྟེ།དམ་ཚིག་ཆེན་པོ་རྡོ་རྗེའི་སྙིང་པོ་ཞེས་བྱ་བའི་སངྱས་དང་།དམ་ཚིག་ཆེན་པོ་ནོར་བུའི
4a6 སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་།དམ་ཚིག་ཆེན་པོ་པདྨའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང་།དམ་ཚིག་ཆེན་པོ་བཀོད་པའི་སྙིང་པོ་ཞེས་བྱ་བའི་སངས་རྒྱས་དང
4a7 དམ་ཚིག་ཚོན་མོ་རྡོ་རྗེ་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་པོ་དང་།དམ་ཚིག་ཚོན་མོ་ནོར་བུའི་དབང་ཕྱུག་མ་ཞེས་བྱ་བའི་རྣལ་འབྱོར་མ་ཆེན་མོ་དང་།།




iiif viewer powered by OpenSeadragon

3b - 4b

Texts on this page

N747 - de bzhin gshegs pa thams cad kyi thugs gsang ba'i ye shes don gyi snying po khro bo rdo rje'i rigs kun 'dus rig pa'i mdo rnal 'byor grub pa'i rgyud ces bya ba theg pa chen po'i mdo