| | e-texts navigator
|
423a1 ཀྱེ་ཞགས་པ་པདྨོ་ཕྱེང་ལས་ཞི་བའི་ཧོམ་ཀཱི་ལེའུ་སྟེ་སུམ་ཅུ་ལྔ་པའོ།།།ཕུར་པ་ཁ་དོག་དཀར་པོ་ལ།།མགོ་དོ་རྒྱུ་མདུད་རྩི་ཟླུམ་པོར།།
423a2 ལྷ་རྣམས་བསྒོམས་ལ་གདབ་པར་བྱ།།འདི་ནི་ཞི་བའི་ལས་ལ་ཤིས།།འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་འཕྲེང་ལས་ཞི་བའི་ཕུར་པའི་ལེའུ་སྐྱེ་སུམ་ཅུ་དྲུག་པའི།།
423a3 དངུལ་དང་འབྲས་ཆེན་དཀར་པོ་རྣམས།།འོ་མར་སྦྱར་བའི་གཏོར་མ་ནི།།ཞི་བར་འགྱུར་བའི་གཏོར་མ་ཏེ།།མཁས་པས་ཞི་བར་བསྒོམས་ཤིང་གཏར།།འཕགས
423a4 པ་ཐབས་ཀྱི་ཞུགས་པ་པདྨོ་ཕྲེང་ལས་ཞི་བའི་གཏོར་མའི་ལེའུ་སྟེ་སུམ་ཅུ་བདུན་པའོ།།།ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ།།ལྷ་ཡི་གྲུབ་པ་བསྒོམ
423a5 པར་བྱ།།བྱིན་གྱིས་ཐམས་ཅད་ཞི་བསྒོམས་ན།།ལྷ་རྣམས་ཀུན་ཀྱང་ཞི་བར་འགྱུར།།འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཞི་བའི་སྤྱོད་པ་ལས་ཀྱི
423a6 ལེའུ་སྟེ་སུམ་ཅུ་བརྒྱད་པའོ།།།།མཚན་ཉིད་མེད་པའི་ཕྱག་རྒྱ་དང་།།དེ་ལས་དངོས་འབྱུང་ཕྱག་རྒྱ་རྣམས།།ངེས་པར་མེད་པར་དཔའ་བོས་བ་ཤད།།
423a7 མཁས་པས་ཅི་དགའ་བསྒྱུར་ན་འགྲུབ།།འཕགས་པ་ཐབས་ཀྱི་ཞགསོ་པ་པདྨོ་ཕྲེང་ལས་ལས་བསྡུས་པོའི་ལེའུ་སྟེ་སུམ་ཅུ་དགུ་པའོ།།།།དྲག
iiif viewer powered by OpenSeadragon
422b - 423b