e-texts navigator
Collection
Volume
Page
Wylie

420a1 སྐྱེས་བུ་ཆེན་པོས་བཤད།།འཕགས་པ་ཐབས་ཀྱི་ཞུགས་པ་པདྨོ་ཕྲེང་ལས་ཕྱག་རྒྱའི་ལེའུ་སྟེ་བཅུ་དྲུག་པའོ།།།།འཁོར་ལོ་ཆེན་པོ་རྩིབས་བརྒྱད
420a2 པའི།།དཀྱིལ་དུ་ཁྲག་འཐུང་སྤྱན་དྲངས་ཏེ།།མདུན་དུ་ཧཱུཾ་ཡང་སྤྱན་དྲང་ངོ་།།རྒྱབ་དུ་སྟོབས་ཆེན་སྤྱན་དྲངས་ནས།།འཁི་ར་ལི་རྩིབས་ཀྱི་སྟེང་དག་ཏུ།།བཅུ་པོ་རྣམས་ཀྱང་གོ།
420a3 རིམས་བཞིན།།སོ་སོའི་གནསུ་སྤྱན་དྲངས་ཏེ།།དམར་གྱི་ཨརྒ་གསོལ་ནས་ནི།།མཆོད་ཡོན་གཞན་ཡང་དབུལ་བར་བྱ།།རྡོ་རྗེ་དབྱངས་ཀྱིས་བསྟོད་བྱས་ཏེ།།དེ་ནས་ལས
420a4 རྣམས་བསྒྲུབ་པར་བྱ།།ཞེ་སྡང་རྡོ་རྗེ་འཁོར་བཅས་པས།།འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན།།ཁྲོས་པས་ཡུད་ཙམ་རླིག་མཛད་དེ།།བརླག་པར་མ་གྱུར་གང་ཡང
420a5 མྱེད།།འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ལས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།།།རྡོ་རྗེ་འཕྲ་མིན་སྦྱོར་བ་ཡིས།།ཡུད་ཙམ་གྱིས་ནི་དེ་བཀུག་ནས།
420a6 རྟོད་པའི་ཚུལ་དུ་རབ་བསྟབས་ན།།ལྷ་ཡང་རུང་སྟེ་བརླག་པར་འགྱུར།།འུག་པའི་མགོ་ཅན་ལ་སོགས་པའི།།འཕྲོ་མེན་མི་རྣམས་སྤང་བྱས་ཏེ།།མིག་དང་རྣ་བ་སྣ
420a7 ལྷོ།།དེ་ཡི་སེམས་འཕྲོགས་བསྒོམས་ཉམས་འགྱུར།།འཕྲ་མེན་རྣམས་ནི་སྤང་བྱས་ཏེ།།དེ་ཡི་སྒྲུབ་པའི་པར་གཅོད་ཅིང་།།གསང་སྟེ་འཁྲུག་པོར་བསྒོམ་བྱས་ན།།སྒྲུབ་པ་ཉམས




iiif viewer powered by OpenSeadragon

419b - 420b

Texts on this page

N751 - 'phags pa thabs kyi zhags pa padmo'i phreng zhes bya ba