| | e-texts navigator
|
419b1 སྔོན་ཅན་གྱིས་ཕྱག་རྒྱ་ཡིན།།ལག་པ་གཡས་པའི་ཁུ་ཚུར་གྱིས།།རྡེག་པའི་ཐབ་སུ་གདེངས་པ་དང་།།གཡོན་པ་སྐུ་ལ་བརྟེརྟན་པ་ནི།།གཤིན་རྗེ་འཇོམས་པའི་ཕྱག་རྒྱ་ཡིན།།ལག་པ
419b2 གཡས་པའི་ཐལ་མོ་ཡིན།།བངབ་པའི་ཐབ་སུ་གདེངས་པ་དང་།།གཡོན་གྱིས་འཛིན་པ་ལྟར་བྱས་པ།།མི་གཡོ་མགོན་གྱི་ཕྱད་རྒྱ་ཡིན།།ལག་པ་ཐལ་མོ་སྤྱོད་ནས་ནི།།གུང་མོ
419b3 རྒྱབ་ཏུ་བསྣོལ་བར་བྱ།།མཐེ་པོ་གཉིས་ཀྱང་ཕྲལ་ཏེ་བསྒྲེང་།།སྤྱི་བོར་བཞག་པ་གྲེ་བྱའི་རྒྱ།།རྐང་པ་གཡས་པའི་ཐུར་དུ་གཟུགས།།ལག་པ་གཡས་པ་གྱེན་དུ་བསྒྲེང་།།གཡོན་པའི
419b4 བརྐང་པ་ལག་ཕྱར་བའི།།གཞན་གྱིས་མི་ཐུབ་ཕྱག་རྒྱ་ཡིན།།ལག་པ་གཡས་གཡོན་བསྐུར་བརྟེན་ཏེ།།རྐང་པ་གཤིབས་ཏེ་མཆོངས་པ་ནི།།བདུད་རྩི་འཁྱིལ་བའི་ཕྱག་རྒྱ་ཞེས།།
419b5 དཔའ་བོ་ཆེན་པོས་ཡང་དུ་བཤད།།ལག་པ་གཡས་གཡོན་བསྣོལ་བ་དང་།།རྐང་པ་བརྐྱང་བསྐུམ་བྱས་པ་ནི།།ཁམས་གསུམ་རྒྱལ་བའི་ཕྱག་རྒྱ་ཞེས།།མགོན་པོ་དཔའི་བོས་ཡང་དུ
419b6 བཤྭད།།ལག་པ་གཡས་པཡོན་སྤྲུགས་པ་དང་།།ལུས་ཀྱང་དྲི་བ་དུ་གསོགས་པ་ནི།།རྡོ་རྗེ་ཕྲ་མན་མ་རྣམས་ཀྱི།།ཕྱག་རྒྱ་ཡིན་པར་འདྲེན་པས་བཤད།།ཕྱག་རྒྱ་འདི་དག་བཅི
419b7 ནས་ནི།།སྟབས་ཆེན་དྲག་དུ་མཆོངས་བྱིས་ན།།ཁམས་གསུམ་དག་ལས་མཆོངས་པར་འགྱུ་རེ།།གཞན་ཡང་གོ་འཕངས་ཐམས་ཅད་ཀུན།།གྲུབ་པར་གྱུར་ཏེ་ཐེ་ཚོམ་མེད།།རིག་པའི
iiif viewer powered by OpenSeadragon
419a - 420a