| | e-texts navigator
|
419a1 ཙྪརུ་ལུ་རྱཝཱ་ར+འུམ+Wཱ་རུ་ལུ་རུ་ལུ་ཛྲ།མ་མ་མ་མཱ་མ་ཧཱ།དྷཱདྷཱནྡྷནྡྷབྷྲྀ་ཏྲཱ~ཾ།ཛཛཛྙཱདྷཱདྡྷོདྷཱ།འཕགས་པ་ཐབས་ཀྱི་ཞགས་པ་པདྡྷ་ང་ལས་ཛྲརྡྷ་སྲན
419a2 མོའི་སྔགས་ཀྱི་ལེའུ་སྟི་བཅོ་ལྔ་པའོ།།མཉམ་པ་ཉིད་དུ་རྟགས་བྱས་ནས།།བསྐུལ་ཞིང་གསོགས་པ་ཐམས་ཅད་ཀྱང་།།ཕྱག་རྒྱ་ཡིན་ཞེས་རྒྱལ་བས་བཤད
419a3 མདོ་ཙམ་དུ་ནི་འདི་ལྟར་བརྟག།ལག་པ་ཐལ་སྦྱར་གྱེན་དུ་བསྒྲང་།།རྐང་པ་མཐིལ་སྦྱར་ཐུར་དུ་གཟུགས།།ཚིགས་ཆེན་བཞི་ཡང་གཅག་པར་བྱ།།མགོ་དང་མཚན་ཡང་སྙིང་པོར
419a4 བརྟག།རྡོ་རྗེ་ཙེ་ཅིག་རྩེ་དགུ་དང་།།བཅུ་གཅིག་ཏུ་ཡང་རྣམ་བརྟགས་ཏེ།།འདི་ནི་ཁྲག་འཐུང་ཆེན་པོ་ཡི།།ཕྱག་རྒྱ་ཡིན་པར་དཔའ་བས་བཤད།།ལག་ན་ཐལ་སྦྱར་གྱེན་དུ
419a5 བསྒྲེང་།།རྐང་པ་ཕྲལ་ནས་བརྐྱང་བསྐུམ་ཞིང་།།གོམ་པའི་སྟབས་ཀྱིས་གར་བྱེད་པ།།འདི་ནི་ཧཱུཾ་གི་རྒྱ་ཆེན་ཡིན།།རྐད་པ་འཕྲལ་མཐིལ་ཟུར་དུ་གཟུགས།།ལག་པ་ཕྲལ་ནས
419a6 གར་བྱེད་ཅིང་།།སྟབསུ་མཆོད་པར་བྱེད་པ་ནི།།འདི་ནི་སྟོབས་ཆེན་ཕྱག་རྒྱ་ཡིན།།རྐང་པ་གཡོན་གྱིས་གཡས་ལ་འཁྱུད།།ལག་པ་གར་ཐབས་བསྐོར་ནས་ཀྱང་།།ཐལ་མོ་དྲག
419a7 ཏུ་བརྡབས་པ་ནི།།རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན།།ལག་པ་གཡོས་གཡོན་མཐེ་བོ་ཡིས།།མཐེའུ་ཆུང་སེན་མོའི་མཐིལ་དུ་གནན།།གདངས་པའི་ཐབས་བསྒྲེང་བ་ནི།།དབྲུག
iiif viewer powered by OpenSeadragon
418b - 419b