| | e-texts navigator
|
418a1 གསུམ་ཕྱག་དྲུག་གཤོག་པ་ཅན།།ཞབས་དྲུག་རྡོ་རྗེའི་བྲག་སྟེང་ན།།འཇིག་རྟེན་སྐྱོང་བས་འདུད་ཚུ་ལོ།།དེ་ཡི་ཕོ་ཉ་བཀའ་ཉན་ནི།།རྡོ་རྗེ་འཕྲ་མེན་གཏུམ
418a2 བག་ཅན།།འཇིགས་པའི་གཟུགས་ཅན་མང་པོ་སྟེ།།དེ་དག་ཅིར་ཡང་འགྲུབ་པར་བྱེད།།འཕགས་པ་ཐོབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད
418a3 ཀྱི་ལེའུ་སྟེ་བཅུ་གཉིས་པའོ།།།།རྡོ་རྗེ་སྲིན་མོ་ཆེན་མོ་ནི།།འཇིགས་བྱེད་ཆེན་མོང་སྣང་བ་སྟེ།།ཕྱག་ཀྱང་སྲིན་པོ་ཆེན་པོ་ལྟར།།འཐུན་ཏེ་ཞབས་ཀྱང་དེ་དང་འདྲ།།དེ
418a4 ལྟ་བུ་ཡི་དཀྱིལ་འཁོར་དུ།།རིན་ཆེན་མེ་ཏོག་བོར་ནས་ནི།།ལྕགས་ལ་བབ་པའི་ལྷ་དེ་ནི།།གཉེར་ན་འགྲུབ་པར་ཐེ་ཚོམ་མེད།།དགེ་དང་མི་དགེའི་ཆོས་རྣམས་ལ།།ལྷག་པར་བསྟན
418a5 པར་མི་བྱ་སྟེ།།མཉམ་ཉིད་རིག་པའི་ཀླུང་ཞུགས་ནས།།ཅི་ལ་ཐོགས་པ་མེད་པར་སྤྱོད།།རྡོ་རྗེ་དབྱུག་པ་བླངས་ནསུ།།ག་ཡབ་མོ་ལྔ་ཡང་གཡབ་པར་བྱ།།དེ་ནས་དཀྱིལ་འཁོར།
418a6 བཞུགས་པར་བརྟ།།མཆོད་པ་ཆེན་པོ་དབུལ་བར་བྱ།།སེ་གོལ་གཏོགས་པ་ཙ་མོ་བྱིས་ཀྱང་།།མགྱོགས་མས་ཕྱོགས་བཅུ་གར་ཡང་ཕྱིན།།དེ་ལ་ཞོན་ན་འགྲོ་བྱེད་པ།།བྱ
418a7 རོག་མགོ་ཅན་ལ་སོགས་ཀུན།།སྲེད་བྱེད་མ་ཡས་སྦས་པ་ནི།།མཐུ་ཆེན་ལྷ་སྲིན་གང་གིས་ཀྱང་།།དེ་ལ་མཐོང་བ་རོ་མི་ནུས་ན།།གཞན་གྱིས་མཐོང་བར་ག་ལ་ནུས།།བསྐུལ
iiif viewer powered by OpenSeadragon
417b - 418b