| | e-texts navigator
|
415b1 འགེངས་པ།ོཾ་བཛྲ་ཙི་རི་ཧཱུ~ཾ་ཛཾ་ཞེས་སྟོང་རྩ་བརྒྱད་བཅོལ་ན་ཕྱག་ན་རྡོ་རྗེའི་མཐུ་ཡང་རྡུལ་ཙམ་ཡང་མེད་པར་ནུ་ནུས་ན་གཞན་ལྟ་ཅི་སྨོས།ནུབ་ཕྱོགས་ན་ཕྱཝ་མོ་ཧ་དམར་མོ
415b2 ཕྱག་ན་ཆུ་སྲིན་གྱི་རྒྱལ་མཚན་ཐོགས་པ།ོཾ་བཛྲ་པྲ་མོ་ཧེ་ཧཱུ~ཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ནི་རྡོ་རྗེ་ཡང་རང་གི་མཐུ་བཞག་ནས་དབང་དུ་འོད་ན་གཞན་ལྟ་ཅི
415b3 སྨོས།བྱང་ཕྱོགས་ན་བེ་ཏ་ལི་ཁ་དོག་ནག་མོ་ཕྱག་གཡོན་ཞིང་ཆུང་ངུ་འཛིན་ཅིང་ཟ་བ།གཡས་ན་རྡོ་རྗེ་འབྱོར་པ།ོཾ་བཛྲ་བེ་ཏ་ལི་ཧཱུཾ་ཛཾ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ།བཙ་ལཾ་ན
415b4 འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་ན་འཇིག་རྟེན་གྱི་བསྒྲུབ་པ་ཕྲན་ཚེགས་ལྟ་ཅི་སྨོས།ཤར་ལྷོའི་མཚམས་ན་པུཀྐ་སི་ཁ་དོག་དམར
415b5 སེར་ཕྱག་གཉིས་ཞིང་ཆུང་ངུའི་བ་སུ་ཏ་འདྲེན་ཅིང་ཟ་བ་ཨོཾ་བཛྲ་པུཀྐ་སི་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་འཆིང་ཞིང་འདྲེན་པར་ནུས་ན་གཞན
415b6 བཅིང་ཞིང་ཟ་བ་ལྟ་ཅི་སྨོས།ལྷོ་ནུབ་ཀྱི་མཚམས་ན་གྷསྨ་རི་ཁ་དོག་ལྗང་ཁུ་ཕྱག་གཡོན་ན་བནཱ་དྷ་ཙན་དཱན་དམར་པོས་བཀང་བུ་རྡོ་རྗེས་དཀྲུག་ཅིང་གསོལ་པ།ོཾ་བཛྲ་གྷས
415b7 རི་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་མྱོས་པར་ནུས་ན་གཞན་ལྟ་སྨོས་ཀྱང་ཅི་དགོས།ནུབ་བྱང་གི་མཚམས་ན་བཛྲ་ཀར་མ་ཁ་དོག་ལྗང་ཁུ་ཞིང
iiif viewer powered by OpenSeadragon
415a - 416a