e-texts navigator
Collection
Volume
Page
Wylie

415a1 པོའི་ཁྲག་ནི་ཆང་པས་ཞིམ།།མ་མོ་ཆེན་མོ་ཁྲག་ལ་བྱོན།།གླུ་དང་གར་དང་གད་རྒྱངས་ཀྱིས།།སོ་སོར་མཆོད་དེ་བསྒྲུབ་པར་བྱ།།ཟིན་པའི་སེམས་ཅན་གང་ཡང་།
415a2 རུང་།།དེ་དག་སྐུད་པ་ནག་པོས་བཅིང་།།དེ་ཡང་དུམ་བུར་བཅད་པར་བྱ།།དེ་ནས་མི་དེ་སྔ་མ་བཞིན།།ཚེ་གནས་བྱ་ཕྱིར་འབྲུ་ལྔ་ཡིས།།གནས་ལྔ་དག་ཏུ་རྣམ་བཀོད་དེ།།ཟིན་པའི།།།
415a3 སེམས་ཅན་བསྲུང་བར་བྱ།།ཆ་ཞིང་རྩུབ་པའི་ཤིང་དང་ནི།།ཤྭ་དང་ཆང་དང་ཡོ་བྱད་རྣམས།།གནག་ཅིང་ཆེ་བར་རྣམ་སྦྱར་ཏེ།།ལྷ་ཆེན་རྣམས་ལ་མཆོད་པར་བྱ།།དེ་ནས་ལས
415a4 རྣམས་གྲུབ་པ་དང་།།ཧོ་ཧ་ལ་སོགས་གད་མོ་དང་།།གླུ་དང་རྡོ་རྗེ་དབྱུག་པ་ཡིས།།ལྷ་རྣམས་བདག་ལ་ཐིམ་པར་བྱ།།འདི་ནི་བདག་ཉིད་སྲུང་བ་དང་།།ལས་རྣམས་ཐམས་ཅད་གྲུབ
415a5 པར་བྱེད།།ཤར་ཕྱོགས་ནཱ་འཕྲ་མེན་མ་ཀེ་རི་ཁ་དོག་སྔོན་མོ་ཕྱག་གཉིས་པ་སྟེ།གཡོན་བན་དྷ་ཙན་དན་དམར་གྱིས་བཀང་བ་ཐོགས་པ།།གཡས་ན་ཞིང་ཆུང་ངུའི་དབྱུག
415a6 པ་ཐོགས་པ།ོཾ་བཛྲ་ཀཻ་རི་ཛ་ཛེ་ཧཱུཾ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན།སངས་རྒྱས་ཀྱང་དགུག་ནུས་ན་གཞན་ལྟ་ཅི་སྨོས།ཆེ་གེ་མོ་ཞིག་ཁུག་ཅིག་ཅེས་བཅོལ་ནས
415a7 གཏོར་མ་དང་ཙན་དན་དམར་ཆེན་ཨ་ར་རྒ་ལ་ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཞེས་བརྗོད་ཅིང་ཨརྒ་ལན་གསུམ་དུ་བསྒྲེ་ངོ་།།ལྷོ་ཕྱོགས་ན་ཙོ་བོ་རི་ཁ་དོག་སེར་མོ་ཕྱག་མདའ་གཞུ




iiif viewer powered by OpenSeadragon

414b - 415b

Texts on this page

N751 - 'phags pa thabs kyi zhags pa padmo'i phreng zhes bya ba