| | e-texts navigator
|
414a1 དང་གནོད་སྦྱིན་ཐམས་ཅད་ལ་བསྒོ་ཤིག།དེ་ནས་ལརྒན་རྡོ་རྗེས་གསོལ་པ།བཅོམ་ལྡན་འདས་འདོན་སྲིད་པ་ཐམས་ཅད་འདུལ་བྱར་བགྱིད་པ།མཱཧཱ
414a2 བོཔོ་ཆེ་ཐམས་ཅད་འདུལ་བར་བགྱིད་པ་མཐུ་བོ་ཆེ་ཐམས་ཅད་ཀྱི་ང་རྒྱལ་གཅིག་པ་བདག་ལགས་ཏེ།ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཐུ་སྟོབས་དང་ལྡན་པའི་སླད
414a3 དུ་བདག་གི་མིང་ཡང་ལག་ན་རྡོ་རྗེ་ཞེས་བཏགས་ན་འདིར་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་འདི་སྨྲས་པས།བདག་ཀྱང་ཁྲག་ཏུ་སྐྱུག་ཅིང་འགྱེལ་བར
414a4 ན་གཞན་ལྟ་ཅི་ཐོས།འདི་ནི་འདའ་བར་དཀའོ།།དེ་བཞིན་དུ་ལྷ་དང་གནོད་སྦྱིན་རྣམས་ལ་ཡང་སྒོའོ།།དེ་ནས་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་གསང་སྔགས
414a5 འདི་སྒྲུབ་པའི་ཆོ་ག་བ་ཤད།མཾ་ལས་ཉི་མའི་དཀྱིལ་འཁོར་དུ།།དཔལ་ཆེན་ཁྲག་འཐུང་སྤྱན་ད་།།སྐུ་ནི་དྲུང་ཀ་ཆེན་པོ་ལ།།དབུ་སྐྲ་ཁམ་ནུག་རལ་པ་ཅན།།དབུ་གསུམ་པ་ལ
414a6 ཕྱག་དྲུག་སྟེ།།དམར་དང་དུང་ཀ་གནག་པ་ཡིན།།གཡས་ཀྱི་གསུམ་ན་ཐོགས་པ་ནི།།ཏི་རའི་དབྱུག་པ་ཆེན་པོ་དང་།།དུང་ཆུན་དམར་གྱིས་བཀང་བ་ལ།།རྡོ་རྗེས་དེ་ཀྲུག་ཅིང
414a7 འཐུན་པར་བཏག།གཡོན་གྱི་གསུམ་ན་ཐོགས་པ་ནི།།ཏི་རའི་རྒྱུ་མའི་ཞགས་པ་དང་།།ཁྲུང་གི་ཁྭ་ཆེན་ཐོགས་པ་དང་།།ཏྲི་རའི་ཕྲ་མོའི་གསུས་པ་ནས།གློ་སྙིང་ནང་གྲོལ
iiif viewer powered by OpenSeadragon
413b - 414b