e-texts navigator
Collection
Volume
Page
Wylie

413b1 རྗེ་ཉོན་ཅིག།འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོས་སྔོན་ཆད་བཤད་དེ་ལག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས་བྱས་པའི་གསང་སྔགས་དང་།སྲིད
413b2 པ་ཟད་པར་བྱས་པའི་གསང་སྔགས་ཐམས་ཅད་ཀྱང་བཟློག་པར་བྱེད་དོ།།གནོན་པར་བྱེད་དོ།།སྦྱོར་བ་གཅོད་པ་བྱེད་ན་ཀུན་ཏུ་རྒྱུ་ལ་སོགས་པ་གཞན་ལྟ་ཅི་སྨོས།དེ་ནས་བཅོམ
413b3 ལྡན་འདས་ཀྱིས་རྡོ་རྗེ་མཚོན་ཆའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསུང་སྔགས་ཟློག་ཅིང་གནོན་པ་དང་།སྦྱོར་བ་གཅོད་པ་ཞེས
413b4 བྱ་བ་འདི་གསུངསོ།།ོཾ་བཛྲ་ཛྭ་ལ་བཛྲ་ཧཱུཾ།མན་ཏྲ་སུམ་བྷ་ནི།ོཾ་བཛྲ་ཛྭ་ལ་ཧཱུཾ།ོཾ་བྲུཾ་ཧཱུ~ཾ་བྷྲཱུཾ་ཏྲཱཾ་བྷྲྀ་ཧཱུཾ་བྷྲཱུ~ཾ་ཧྲཱི།བྲུཾ་ཨཱ་བྷྲཱུཾ།འདི་གསུངས་མ་ཐག་ཏུ་ཕྱོགས་བཅུ་ནས་མཚོན་ཆའི
413b5 ཆར་ཆེན་པོ་ཕབ་སྟེ་ལག་ན་རྡོ་རྗེ་ཉིད་ཀྱང་ཁ་སྤུབ་ཏུ་འགྱེལ་ནས་ཁྲག་སྐྱུག་པར་གྱུར་ཏོ།།ལྷོ་དང་གི་ནོད་སྦྱིན་ཐམས་ཅད་ཀྱང་རྒྱལ་ཏེ་ལུས་དུམ་བུར་ཆད་པར་གྱུར་ཏོ།།དེ་ནས
413b6 བཅོམ་ལྡན་འདས་ཀྱིས་དེ་དག་གི་སྦྱོར་བ་ཆུད་པར་རིག་ནས་སླར་བསླང་སྟེ།ོཾ་བཛྲི་སཏྭ་རཱ་ཛ་དྷྭཾ།དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ།ལག་ན་རྡོ་རྗེ་ཁྱོད
413b7 ཀྱིས་ཀྱང་འོད་ལས་འདའ་བར་མ་བྱེད་ཅིག།ཁྱེད་ཀྱི་འཁོར་ཐམས་ཅད་ཀྱང་འདི་ལས་འདའ་བར་བྱེད་ན་ཐམས་ཅད་བརླབ་པར་འགྱུརརོ།།དེ་བཞིན་དུ་ལག་ན་རྡོ་རྗེ་ཁྱོད་ཀྱིས་ཀྱང




iiif viewer powered by OpenSeadragon

413a - 414a

Texts on this page

N751 - 'phags pa thabs kyi zhags pa padmo'i phreng zhes bya ba