e-texts navigator
Collection
Volume
Page
Wylie

412b1 མཽ་དང་།།ལག་པ་གཉིས་ཀྱི་གྲུ་མོ་རྣམས།།སྤྲད་ནས་ལག་པ་གདེངས་པ་ན།།ཀུན་ཏུ་བཟང་མོའི་ཕྱག་རྒྱ་ཡིན།།རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ནས།།ལྡན་པ་གླ་ཡ་སུ་བྱེ་བ་ལས།།ཆགས་པའོ།
412b2 མིག་གིས་ལྟ་བ་ནི།།རྡོ་རྗེ་སྒེག་མོའི་ཕྱག་རྒྱ་ཡིན།།གཡོན་པ་སྐོང་སྐོང་པོ་བྱས་ཏེ།།གཡས་པས་གྲུ་མོ་བཟུང་ནས་ཀྱང་།།དཀོར་ཞིང་སོར་མོ་འཕྲོ་བ་ནི།།རྡོ་རྗེ་གདུག་པའི་ཕྱག་རྒྱ
412b3 ཡིན།།ལག་པ་གཉིས་ནི་རྒྱབ་སྦྱར་ནས།།རྡོ་རྗེ་ཁུ་ཚུར་བཅངས་པ་ལས།།མཐོ་ཆུང་སྦྲེལ་ནས་འཛུབ་མོ་སྦྲང་།།རྡོ་རྗེ་ལྕགས་ཀྱུ་མ་ཡི་རྒྱ།།མཐེ་ཆུང་ལུ་གུ་རྒྱུད་དུ་སྦྲེལ།།སོར་མོ
412b4 རྣམས་ནི་སོ་སོར་བསྒྲེང་།།ཐལ་མོ་བཀན་ཏེ་ལྟ་བ་ནཱིནི།།རྡོ་རྗེ་སྒྲོལ་མའི་ཕྱག་རྒྱ་ཡིན།།སྲིན་ལག་དང་ནི་མཐེ་བོ་གཉིས།།སོ་སོར་རྩེ་མོ་སྤྱད་པ་ལས།།འཕྲལ་པོའི་ཐད་ཀར་དྲངས་པ
412b5 ཡི།།རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་ཡིན།།འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཕྱག་རྒྱའི་ལེའུ་སྟེ་བཅུ་པའོ།།།།དེ་ནས་དཀྱིལ་འཁོར་གྱི་ལྷ་དང་ལྷ་མོ་རྣམས་ལ་ཕྱག་ན
412b6 རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དང་འཁོར་ཕལ་པོ་ཆེས་དབྱངས་འཐུན་པར་བསྟོད་པ།ོཾ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན།།རྒྱལ་བ་གང་བཞུགས
412b7 འཁོར་དང་བཅས།།བླ་མི་ལྷ་དང་ལྷ་མོ་ཡི།།གྲུབ་པའི་བྱིན་རླབས་བསམ་མི་ཁྱབ།།སེམས་དཔའི་བཅུ་དྲུག་རིགས་ཀྱི་གཙོ།།སེམས་མ་བཅུ་དྲུག་རིགས་ཀྱི་ཡུམ།།མཐུ་ཆེན་ཁྲོའོ




iiif viewer powered by OpenSeadragon

412a - 413a

Texts on this page

N751 - 'phags pa thabs kyi zhags pa padmo'i phreng zhes bya ba