| | e-texts navigator
|
412a1 བ་ལས་གུང་མཽ་ཧཱུཾ་སྤྱང་འཛུབ་སྦྱར་ཏོ།།མཐོ་བོས་གུང་མོ་མནན་པ་ནི།།རྡོ་རྗེ་སྨྲ་བའི་རྒྱུ་ཆེན་ཡིན།།ལག་པའི་འཁྲིག་མ་བསྣོལ་བ་ལས།།གུང་མོ་གཉིས་ཀྱི
412a2 ཚིགས་དང་པོར།།ངོས་བཞིར་ས་ཡི་སོ་མ་བརྟན།།རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཡིན།།ལག་པ་གཉིས་ཀྱི་སོར་མོ་རྣམས།།ཕན་ཚུན་ཐགསུ་བཏགས་པ་ལས།།མཐེ་བོ་གཉིས་ནི་བསྒྲེང
412a3 བར་བྱ།།རྡོ་རྗེ་གསུང་བའི་ཕྱག་རྒྱ་ཡིན།།རྡོ་རྗེ་ཁུ་ཚུར་བཅངས་པོ་ལས།།འཛུབ་མོ་གཉིས་ནི་བསྒྲེང་ནས་ཀྱང་།།ཁ་འགྲམ་གཉིསུ་བཟུང་བར་བྱ།།རྡོ་རྗེ་གནོད་སྦྱིན་རྒྱ་ཆེན་ཡིན།།
412a4 རྡོ་རྗེ་ཁུ་ཆུར་བཅངས་པ་ལས།།བསྣོལ་ཏེ་ཁ་ནི་སྦྱར་ནས་ཀྱང་།།ཐུགས་ཀར་དམ་དུ་གཟུང་བར་བྱ།།རྡོ་རྗེ་ཁུ་ཚུར་རྒྱ་ཆེན་ཡིན།།རིགས་ཀྱི་ཕྱག་རྒྱ་བསྒོམས་ནས་ནི།།ལག་གི་འདུ
412a5 ཤེས་འདི་དག་གིས།།འདུ་འཕྲོ་མོས་པོ་བསྐྱེད་ནོས་ནི།།བཅིང་ཞིང་མཁའ་ལ་དགྲོལ་བར་བྱ།།མཐེ་བོ་མཐེ་ཆུང་ནང་དུ་སྤང་།།གུང་མོ་རྩེ་སྦྱར་བཞི་ཡང་སྒྲེང་།།རྡོ་རྗེ་འཛིན
412a6 ལྟར་སྙིང་སྤྲད་པ།།རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཡིན།།རྟིང་སྐྱུར་འཐེབ་འཛུབ་རྩེ་སྦྱར་ཏེ།།འཛུབ་མོའི་མིག་ཏུ་མཐེ་ཆུང་དྲང་།།ལྷག་མ་རྩེ་གསུམ་ལྟར་བྱས་པ།།རྡོ་རྗེ་སྤྱན་གྱི
412a7 ཕྱག་རྒྱ་ཡིན།།ལག་དར་གཡོན་པ་བསྒྲེང་ནས་ཀྱང་།།སོར་མོ་ཨུཏྤལ་ལྟར་བྱས་པོ།།གཡས་ཀྱི་སོར་མོ་གཟུང་བར་བྱ།།རྡོ་རྗེ་སྒྲོལ་མའི་ཕྱག་རྒྱ་ཡིན།།རྐང་པ་གཉིས་ཀྱི་པུས
iiif viewer powered by OpenSeadragon
411b - 412b