e-texts navigator
Collection
Volume
Page
Wylie

411b1 བཅངས་པ་ལ།།གཡོན་གྱི་འཐེབ་འཇུབ་རྩེ་སྤྲད་དེ།།གཡས་ཀྱི་གུང་མོ་བརྒྱད་ནས་གདེང་།།རྡོ་རྗེ་འདོད་པའི་རྒྱ་ཆེན་ཡིན།།ལག་པ་གཉིས་ཀྱི་སོར་མོ་རྣམས།།སོ་སོའི་གུང་མོ་ཚོགས་དང
411b2 པོར།།ངོས་བཞི་ནས་ནི་རྩེ་མོ་གཟུགས།།རྡོ་རྗེ་ལེགས་པའི་རྒྱ་ཆེན་ཡིན།།རྟིང་སྦྱར་གུང་མོའི་རྩེ་སྤྲད་དེ།།ཐོབ་འཛུབ་སྲིན་ལག་ཆགས་བཅག་སྟེ།།དྲུག་ཆར་རྩེ་སྤྲང་མཐ་ཆུང
411b3 སྦས།།རྡོ་རྗེ་རིན་ཆེན་རྒྱ་ཆེན་ཡིན།།མཐེ་བོ་མཐེ་ཆུང་རྩེ་སྤྲད་ནས།།ལུ་གུ་རྒྱུད་དུ་སྦྲེལ་བར་བྱ།།ལྷག་མ་འོད་ལྟར་བྱས་པ་ནི།།རྡོ་རྗེ་ཉི་མའི་རྒྱ་ཆེན་ཡིན།།ལག་ངར་གཡོན་པ
411b4 བསྒྲེང་ནས་མི།།རྡོ་རྗེ་ཁུ་ཚུར་བཅངས་པ་ལས།།གཡས་པ་གྲུ་མོར་གཟུང་བར་བྱ།།རྡོ་རྗེ་རྒྱལ་མཚན་རྒྱ་ཆེན་ཡིན།།གཡོན་གྱི་སྟེང་དུ་གཡས་བཞག་ནས།།སོར་མོའི་ཚོགས་བཅག
411b5 སྤྲད་བྱས་ཏེ།།ཁ་ཡེ་ཐཱད་ཀེར་བཟུང་བར་བྱ།།རྡོ་རྗེ་བཞད་པའི་རྒྱུ་ཆེན་ཡན།།གཡོན་གྱི་སོར་མོའི་རྩེ་རྣམས་ཡིན།།མ་ཕྲད་ཙམ་དུ་བསྡུས་པ་ལས།།གཡས་ཀྱིས་འབྱེད་པ་ལྟར
411b6 བྱས་པ།།རྡོ་རྗེ་ཆོས་ཀྱི་རྒྱ་ཆེན་ཡིན།།གཡས་ཀྱི་ལག་ངར་བསྒྲེང་བ་ལ།།མཐེ་བོ་མཐེ་ཆུང་རྩེ་སྤྲད་དེ།།ལྷག་མ་གསུམ་ཡང་བསྒྲེང་བར་བྱ།།གཡོན་པའི་ཁུ་ཚུར་དཀུར་བརྟེན་པ།།
411b7 རྡོ་རྗེ་རྣོན་པོའི་རྒྱ་ཆེན་ཡིན།།ལག་བརྒྱ་གྲམ་རྩེ་བསྣོལ་ནས།།མཐོ་ངོས་གཉིས་ཀྱི་རྩེ་སྤང་ངོ་དེ།།བསྐར་བ་ལྟ་བུར་བྱས་པ་ནི།།རྡོ་རྗེ་འཁོར་ལོའི་རྒྱ་ཆེན་ཡིན།།སོར་མོ་ནང་དུ་བསྣོལ




iiif viewer powered by OpenSeadragon

411a - 412a

Texts on this page

N751 - 'phags pa thabs kyi zhags pa padmo'i phreng zhes bya ba