| | e-texts navigator
|
409a1 ཐམས་ཅད་བཟའ་ཞིང་བརྒྱན་པར་བྱ།།འཕགས་པ་ཐབས་ཀྱི་ཞུགས་པ་པདྨོ་པྟང་ལས་མཆོད་པའི་ལེའུ་སྟེ་བཞི་པའོ།།།ཀུན་ཏུ་འོད་ཀྱིས་ལས་འདས།།པདྨ
409a2 སྤྱན་དུ་གྱུར་པ་ན།།རིག་པའི་བྱིན་རླབས་ཆེན་པོ་ལས།།རང་འབྱུང་དཀྱིལ་འདུ་འཕྲོ་ཡི་ཚུལ།།ཡི་གེ་འཁོར་ལོ་ཚོགས་ཆེན་ཏོ།།མཚན་དང་དཔེ་བྱད་ཀུན་ལས་གྲོལ།།རྔམ་ཞིང་གཏུམ་པའི
409a3 གཟུགས་ཅན་དང་།།མགྱོགས་མ་མགྱོགས་མའི་ཕོ་ཉར་ལྡན།།དེ་ནི་ཐིག་ལེ་རྡོ་རྗེ་ཡིན།།འདི་ཞེས་གང་ཟག་བདག་མེད་པར།།རྟོགས་པར་བྱ་ཕྱིར་ངས་བཤད།།མཁས་པས་དེལ་འབྱོར
409a4 པར་གྱིས།།འཕགས་པ་ཐབས་ཀྱིས་ཞགས་པ་པདྨོ་ཕྲེང་ཏིང་འཛིན་གྱིས་དཀྱིལ་འཁོར་གྱི་ལེའུ་སྟེ་ལྔ་པའོ།།།སེམས་དཔའ་ཆེན་པོ་སྤྱོད་ཡུལ་ཐམས་ཅད་ནི་འདི་ལྟར་རིག་པར
409a5 བྱའོ།།ཆེན་པོ་ལྔ་ཡང་དེ་བཞིན་གཤགས།།གཅིག་ལའང་ལྔ་ལྔར་རིག་པར་གྱིས།།ཁམས་གསུམ་བདག་ཉིད་ཡིན་པ་སྟེ།།སྐུ་གསུང་ཐུགས་ཀྱང་དེ་ལ་བྱ།།ཡེ་ཤེས་ལྔ་དང་འགྲོ
409a6 བོ་ལྔ།།མཉམ་པས་སོ་སོ་དབྱེར་མེད་དེ།།སྔགས་དང་ཕྱག་རྒྱ་དབང་བསྒྱུར་ནས།།སྤྱོད་ཡུལ་ཀུན་ཏུ་མཎྜལ།།འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་གཟུགས་བརྙན་གྱི
409a7 དཀྱིལ་འཁོར་གྱི་ལེའུ་སྟེ་དྲུག་པའོ།།།།སེམས་དཔོའ་ཆེན་པོ་ཞེས་རྡོ་རྗེ་སེམས་དཔའ་ཐོས་ནས་བཤད།།རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ།།སྣ་ཚོགས་ཅིར་ཡང་སྣང་མོད་ཀྱི།
iiif viewer powered by OpenSeadragon
408b - 409b