e-texts navigator
Collection
Volume
Page
Wylie

407b1 ཡང་ཁོང་ན།།ལྕགས་ཀྱི་སྒྲོམ་བུ་ཁ་བསྡུ་མ།།ཐམས་ཅད་ལ་ཡང་མེ་ལོང་བཞིན།།བལྟས་ཀྱང་གཟུགས་བརྙན་མོ་སྣང་།།ཡེ་ཤེས་འཕྲུལ་གྱི་སྒོ་མིག་གས།།རྡོ་རྗེ་ཐ་མས་དྷམ་ཕྱཝ་དང་།
407b2 ཡིད་བཞིན་རིན་ཆེན་གཏཱིར་བྱུང་བ།།བསྐུལ་ལྡན་མཆོག་གིས་སྤྱད་དུ་གསོལ།།ཡི་ག་ཀུན་ལ་མི་སྣང་ཞིང་།།བླ་མེའི་ཐུགས་ལ་གནས་པ་ནི།།སྦྲུལ་ལྡན་མཆོག་ག་སྤྱོད་སུ་མོཧཱུཾ།
407b3 ཀུན་དང་ཐུན་མོང་དེ་མ་ཡིན།།དཔེར་ན་སེང་གེའི་འོ་མ་ནི།།གསེར་གྱི་ཕྱིས་དུས་འཛིན་འགྱུར་གྱི།།སྣོང་གཞན་དག་ཏུ་བྱུགས་པ་ནི།།སྣོད་ཀྱང་འཆག་ལ་འོ་མ་ཡང་འཕོ།།ཡང་གིས
407b4 གསེར་གྱི་རང་བཞིན་ལ།།དབྱིབས་ཀྱི་ཁྱད་པར་ཅིར་ཡང་སྣང་།།གསེར་ལས་གྱུར་པ་རྡུལ་ཙམ་མེད།།དེ་བཞིན་ཆོས་ཀྱི་མཚན་ཉིད་ཀྱང་།།མཚན་མ་སྣ་ཚོགས་ཅིར་སྣང་ཡང་།།ཉིད
407b5 ལས་གྱུར་པ་རྡུལ་ཙམ་མེད།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས་ཆོས་ཉིད་ཀུན་ཏུ་མི་འགྱུར་བར་བསྟན་པའི་ལེའུ་སྟེ་བརྒྱད་ཅུ་པ་རྫོག་སོ།།།།འཕགས་པ་ཐབས
407b6 གྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ།།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།།འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་གི་དོན་བསྡུས་པ།དེ་ནས་བཅོམ་ལྡན་འདས་དཔལ་ཀུན
407b7 རིག་རྣམ་པར་སྣང་མཇེཛོད་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་རིག་པའི་བྱིན་རླབས་ལས་བྱུང་བའི་མཆོད་པ་རྒྱ་ཡོངསུ་མ་ཆད་པའི་གཞལ་ཡས་ཁང་དང་།བླ་བྲས




iiif viewer powered by OpenSeadragon

407a - 408a

Texts on this page

N750 - gsang ba'i snying po de kho na nyid nges pa
N751 - 'phags pa thabs kyi zhags pa padmo'i phreng zhes bya ba