e-texts navigator
Collection
Volume
Page
Wylie

407a1 འབྱམ་གྱུས།།དོན་དུ་མི་འགྱུར་ཡོང་མ་གསུང་།།དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།།ཕྱག་རྒྱ་གསང་ཚོན་སྟོང་པོ་འདི།།རྟོགས་ནས་སྨྲ་བར་བྱེད་པ་གླང་།།
407a2 ཉིད་ང་ཡིན་དབང་ཡང་རྫོགས།།དེ་བཞིན་གཤེགས་པ་ཐམས་ཅད་ལ།།གསང་བ་འདི་ལས་གཞན་མི་མངའ།།སྒྲོ་དང་སྐུར་བཞི་བ་ཡི།།གསང་བའི་སྙིང་པོ་དེ་ཁོ་ན།།དེ་ཉིད་ངེས
407a3 པའི་དབྱིངས་ལས་ཕྱུང་།།དེ་ནི་ངེས་པར་ལུང་བསྟན་ཏེ།།སྲས་ནི་ཐུགས་ལས་སྐྱེས་པ་ཡིན།།ས་རབ་རིག་པ་འཛིན་ལས་དེ་ནས་ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས
407a4 ཅད་དབྱེར་མེད་པར་དགྱེས་ནས་དུས་གཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་བརྒྱན་ཉིད་ཞུག་སོ།།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ
407a5 ལས་ཡོངསུ་གཟུང་བའི་ལེའུ་སྟེ་བདུན་ཅུ་དགུ་པའོ།།།།འཕགས་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་སྟོང་ཕྲག་བརྒྱ་པ་ལས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི།།།
407a6 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པོའི་ལེའུ་ལིས་ཐམས་ཅད་མ་ལུས་པར་སྤྲོས་ཏེ་འཁོར་ལོ་བསྐོར་བ་དེ་དག་གི་འབྲས
407a7 བུ་མཆོག།གསང་བ་ཆེན་པོ་འདི་ཡོད་པར།།མེ་མར་མུན་གྱི་དོངས་འབོགས་ཤིང་།།སྤུ་གྲི་སོ་ནི་གཏམས་ལས་ཀྱང་།།འཛེགས་ནས་བུཾ་དག་འགྲོ་བར་བྱོས།།ཁོང་ན་གནས་པའི




iiif viewer powered by OpenSeadragon

406b - 407b

Texts on this page

N750 - gsang ba'i snying po de kho na nyid nges pa