e-texts navigator
Collection
Volume
Page
Wylie

406b1 འཇོམས་དང་མ་ཆགས་ཀུན་འབྱུང་དང་།།ཐམས་ཅད་དབང་སྤྲས་དོན་འགྲུབ་པ།།མ་ལུས་ཀུན་འདུས་རྣམ་པར་དག།ཀུན་ནས་ཟླུམ་ཞིང་འོད་ཟེར་འཕྲོ།།རིགས་བཞི་མ་ལུས་ཐམས་ཅད་ཀུན།།
406b2 མཉམ་རྫོགས་དབྱིངསུ་ཐམས་ཅད་འདུས།།རིགས་རྣམས་གཅིག་མེད་གཅིག་པ་སྟེ།།ལྷ་ནི་གྲུབ་དཀྱིལ་འཁོར་དང་ཉིད་དུ།།ཕྱག་རྒྱའི་དམ་ཚིག་མཚན་ཉིད་ནི།།ཐུགས་ཀྱི་རྟག་སུ་བསྟན
406b3 པ་ཡིན།།དཔེར་ན་རྒྱལ་པོས་རྒྱས་བཏབ་ན།།སེམས་ཅན་ཀུན་གྱིས་ཡོང་མི་འདའ།།དེ་བཞིན་མཉམ་ཉིད་ཕྱག་རྒྱ་ཡིན།།ཀུན་ལ་ཁྱབ་ཅིང་ཐམས་ཅད་སྣང་།།སྐུ་གསུང་ཐུགས་ཀྱི་རྒྱུས
406b4 བཏབ་ནི།།བདུད་དང་མུ་སྟེགས་མང་པོ་ཀུན།།མི་མཐུན་ཕྱོགས་ཀྱིས་དབང་བྱར་མེད།།རྡོ་རྗེ་སེམས་དཔའི་རིགས་ངེས་ན།།འདི་ལྟ་བུ་ལ་རྟག་ཏུ་གནས།།དེ་ལྟ་བུའི་བློ་མེད་ན།།རྡོ་རྗེ
406b5 རིགསུ་ཡང་མི་བཤད།།གསང་བའི་སྙིང་པོ་དེ་ཁོ་ནི་ཉིད་ངེས་པ་ལས་ཕྱག་རྒྱའི་དམ་ཚིག་གི་ལེའུ་སྟེ་བདུན་ཅུ་བརྒྱད་པའོ།།།།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ
406b6 དེ་བཞིན་གཤེགས་པ་ཉིད་ལ་བསང་སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་འདི་ཆེ་དུ་བརྗོད་དོ།།རྒྱུ་ཀྱེ་ཕྱོགས་བཅུ་དུས་བཞི་རང་བཞིན་འདི།།དེ་བཞིན་གཤེགས་པའི་ངོ་བོ་ཉིད།།
406b7 གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི།།རྣམ་རྟོགས་ཞགས་པས་སོ་སོར་ཟིན།།ས་རྣམས་ཁྱད་པར་བཀོད་པོ་ཡང་།།གསང་བའི་སྙིང་པོར་འགྲོ་བའི་ལམ།།ཡེ་ཤེས་ངོ་མཚར་རབ




iiif viewer powered by OpenSeadragon

406a - 407a

Texts on this page

N750 - gsang ba'i snying po de kho na nyid nges pa