| | e-texts navigator
|
405a1 བཙལ་ན་སྨྲྀ་བཏགས་འགྱུར།།མེད་ལུས་བཙལ་ན་བསྐུར་བཏབ་སྟེ།།ཡོད་མེད་གཉིས་ལས་བཙལ་བྱས་ན།།དེ་ནི་ལུང་དུ་མ་བསྟན་འགྱུར།།རྣམ་པར་རྟོག་པ
405a2 མི་མངའ་སྟེ།།དེ་ཡིས་མི་མཁྱེན་ཅི་ཡང་མེད།།རྣལ་འབྱོར་ལྟ་བ་དེ་ལྟ་བུ།།ཚིག་གིས་ལྔ་ཕྱི་ཡོད་མོད་ཀྱང་།།དོན་གྱིས་ཅིག་ཆར་རྫོགས་པར་བསྒོམས།།དེ་ལྟ་བུའི་དོན་རྟོགས
405a3 ཀྱང་།།འགྲོ་ཉལ་འདུག་སྡོད་ལོངས་སྤྱད་ཀྱང་།།ཐེབ་ཆེན་སྒོམ་ལས་ཉམས་པ་མེད།།གོང་གི་དོན་ལྟར་མ་རྟོགས་པའི།།བློ་ངན་མཉམ་པར་ཁུངས་ཕྱུང་ནས།།མ་རྟོགས་ལ
405a4 ལོ་སྒོམ་ལས་བྱས།།དོན་མ་གྲུབ་པར་ངན་སོང་འགྲོ།སེམས་ཀྱིས་མཉམ་པར་མ་རྟོགས་ན།།ཚིག་གིས་མཉམ་པས་སངས་མི་རྒྱ།།དེ་བས་དོན་ཚིག་ལྡན་པར་བྱོས།།འོན
405a5 ཏང་ཐེ་ཚོམ་མེད་པར་འགྲུབ།།རྣལ་འབྱོར་དོན་ཆེན་རྟོགས་པ་ཡིས།།དུས་མཐའ་མོད་པར་དེ་ལྟར་བསྒོམ།།ཡོན་ཏན་ན་མཁའི་མཐའ་དང་མཉམ།།སྤྱོད་ཡུལ་སངས་རྒྱས་ཉིད
405a6 དུ་ཅིག།རྟག་ཏུ་བསོད་ནམས་ཚིགས་ཚོན་ལྡན།།བྱ་བྱེད་མེད་པའི་བརྩོན་འགྲུས་ཀྱིས།།དེས་ནི་བྱང་ཆུབ་སྙིང་པོ་ལེན།།ཞེས་གསང་བའི་ཚིག་ཏུའོ།།རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ
405a7 དྲ་བ་ལས་དབང་པོ་དང་ཡུལ་དུ་འདུས་པ་བསྟེན་པའི་ལེའུ་སྟེ་བདུན་ཅུ་རྩ་བདུན་པའོ།།།།དེ་ནས་དེ་བཞིན་གཤེགས་པ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས
iiif viewer powered by OpenSeadragon
404b - 405b