e-texts navigator
Collection
Volume
Page
Wylie

404b1 པ་མ་ཡིན་པས།།ཀུན་ལ་སྨོན་ཅིང་ཆགསུ་མེད།།བྱང་ཆུབ་སེམས་རྣམས་ཐམས་ཅད་ནི།།ཤིན་ཏུ་རྟགས་དཀའ་གཏིང་ཟབ་པས།།རྟོག་གེའི་སྤྱོད་ཡུལ་དེ་མ་ཡིན།།མ་དམིགས་མི་དམི
404b2 དམིགསུ་མེད།།སེམས་ཉིད་དེ་ཉིད་ཇི་ལྟ་བུ།།བྱང་ཆུབ་དེ་ཉིད་སེམས་ཡི་ནོ།།སེམས་དང་བྱང་ཆུབ་དབྱེར་མེད་པས།།སེམས་ཅན་མ་ལུས་ཐམས་ཅད་དང་།།དུས་གསུམ་ཆོས་རྣམས
404b3 ཐམས་ཅད་ཡིན།།ཐམས་ཅད་མ་ལུས་ཆོ་སོ་ཅིག།སེམས་དང་བྱང་ཆུབ་ཉིད་དུ་འུབ།།བོ་དྷི་ཆེན་པོས་དེ་སྐད་བཤད།།སྐྱེས་བུ་བློ་རྩལ་རབ་ལྡན་པས།།ཅི་ལའང་ཐོགས་པ་མེད
404b4 པར་སྤྱད།།སྤྱད་པ་ཉིད་ན་ཆགས་པ་མྱེད།།དུས་མཐའ་མེད་པར་མ་ཉམས་གནས།།འདི་ལྟར་སྣང་བ་ཐམས་ཅད་ལ།།མངོན་སུམ་ཚད་མསྣ་རྟག་མཐོང་ཡང་།།སྣང་བ་ཉིད་ན་དངོས
404b5 པོ་མདོ།།དེ་བཞིན་ཡང་དག་ཉིད་དུ་རྟོགས།།གང་ཞིག་སྟོང་པའི་ངང་ཡོད་ཅེས།།མེད་པའི་རང་བཞིན་རྟོགས་པ་དེ།།རི་བོང་རཱ་དང་མོ་ཤམ་བུ།།ཚིག་ཙམ་གདག་སུ་རུང་མོད་ཀྱི།།ཐམས
404b6 ཅད་མིང་ཙམ་སྟོང་ཉིད་མེད།།ཐམས་ཅད་མ་ལུས་སྟོང་ཞེས་སྟེ།།དྲན་མེད་བརྡོས་པ་མ་ཡིན་པས།།རྟོགས་མེད་རང་བཞིན་འོད་གསལ་ཞིང་།།འདི་ལྟར་སྣང་བ་ཐམས་ཅད་ཀུན།།བརྡོས
404b7 པ་ཙམ་གྱི་ཆོས་མེདོ།།ཤེས་པ་འབའ་ཞིག་ཁོ་ནའོ།།ཐམས་ཅད་གཉིས་མེད་རྟོགས་གྱུར་ན།།དེ་ཉིད་དོན་དམ་དབྱིངས་ཡིན་ཏེ།།གཞན་ནས་བཙལ་ཞིང་གཞག་ཏུ་མེད།།ཡོད་ལས




iiif viewer powered by OpenSeadragon

404a - 405a

Texts on this page

N750 - gsang ba'i snying po de kho na nyid nges pa