| | e-texts navigator
|
403b1 བདེ་སྡུག་མཚོན་མ་སོ་སོར་འཛིན།།ཀུན་གཞི་དངོས་པོ་མེད་པ་ལ།།བག་ཆགས་སྩོགས་པའི་གནས་མེད།།སྣང་བའི་དངོས་པོ་མེད་པ་ལ།།ཉན་མོངས་བློ་ཡིས་བླང་དུ་མེད།།སྒོ་དང་བསྒོ་བར
403b2 བྱ་བ་མེད།།དེ་ལྟར་སྒོ་བྱེད་དངོས་པོ་མེད།།མེད་བཞིན་སེམས་ཀྱིས་ལོག་བརྟགས་པ།།ཁམས་གསུམ་དུརྩོན་རཱ་རྟག་ཏུ་འཁོར།།ཡིད་ཀྱི་རྣམ་པར་ཤེས་པ་ནི།།སྣང་དང་མི་སྣང་གཉི་ག་ལ།།སྐད
403b3 ཅིག་ཡུད་ཙམ་རྟོག་པར་ཡིན།།རྟོག་པ་ཉིད་ཀྱང་མ་འགྲུབ་ན།།ཡུལ་གྱི་དངོས་པོ་ག་ལ་འགྲུབ།།ཡིད་ཀྱི་དེ་བཞིན་རྒྱུན་ཉིད་ནི།།སྔ་མ་འདས་ཤིང་མི་དམིགས་པ།།ཕྱི་མ་མ་བྱུང་བརྟགས་ཏུ་མེད།
403b4 དེ་ལྟར་རང་བཞིན་དམིགསུ་མེད།།རྩི་ཤིང་ཁ་ན་རླུང་འཕྱོ་འདྲ།།རྒྱུད་ནི་ཡོངསུ་མ་ཆད་པ།།འདི་ནི་ཀུན་ཏུ་འབྱུང་བ་ཡིན།།དེ་ལྟར་དོན་རྣམས་དངོས་པོ་མེང་།།ཆུ་དོང་རླུང་དང་རླབས་འདྲ་བ།།དེ
403b5 གསུམ་གཅིག་དང་སོ་སོ་མིན།།དེ་བཞིན་ཀུན་གཞི་ཉོན་མོངས་ཡིང་།།གཅིག་པ་མ་ཡིན་སོ་སོ་མིན།།ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱིངས།།ཐམས་ཅད་ཡེ་ཤེས་དབྱེར་མོད་ཅིང་།།
403b6 གཅིག་ཏུ་ཡང་ནི་བརྗོད་པ་མེད།།དེ་ལྟར་མ་རྟོགས་སེམས་ཅན་ཡིན།།རྟོགས་ན་སངས་རྒྱས་གུད་ན་མེད།།བྱང་ཆུབ་སེམས་ཀྱི་དེ་བཞིན་ནི།།ཤིན་ཏུ་མི་དམིགས་བརྟག་དཀའ་བ།།ཡངས
403b7 ལ་རྒྱ་ཆེ་གཏོང་ཟབ་པ།།ཤེས་རབ་ཟབ་པས་རྟོགས་འགྱུར་ཏེ།།གང་ནས་མ་འོངས་གར་མི་འགྲོ།འོང་དང་འགྲོ་བར་བྱ་བ་མིན།།ཤིན་ཏུ་བརྟག་དཀའ་མི་དམིགས་པ།།མཐའ་དང་དབུས
iiif viewer powered by OpenSeadragon
403a - 404a