e-texts navigator
Collection
Volume
Page
Wylie

403a1 དུ་བྱ།།མ་ལུས་ཐམས་ཅད་བྱོས་ཤོག་པར།།ལྷག་མ་བྱིན་ནས་དབང་ཡང་བསྐུར།།གཞན་ཡང་འགྲོ་བ་ཐམས་ཅད་ལ།།འདོད་ཡོན་ལྔ་ཡི་སྦྱིན་པ་གཏང་།།
403a2 དེ་ནས་ལས་རྣམས་རྫོགས་བྱས་ནས།།དབང་ཕྱུག་ཆེན་པོའི་གནས་བརྟན་ནས།།རིགས་ལྔ་ཡེ་ཤེས་ལྔ་ལ་སོགས།།འཁོར་གྱི་དཀྱིལ་འཁོར་མ་ལུས་པ།།བདག་ལ་ཐམས་ཅད་བསྡུ་བར།།
403a3 བྱ།།དེ་ལྟར་བསྒྲུབ་པའི་དྲང་འཆང་བ།ཡེ་ཤེས་ཚོགས་གཉིས་རྫོགས་བྱས་ནུས།།རིག་འཛིན་རིག་པའི་ས་ལ་གནས།།ཐེག་དམན་སྤྱོད་པའི་ཡོང་མི་འགྱུར།།མི་ཁོམ་གནསུ་སྐྱེ་མི
403a4 འགྱུར།།སྐྱེ་ཤི་མེད་པའི་གཡུང་དྲུང་ཐོབ།།སངས་རྒྱས་ཞིང་ཡང་སྦྱོང་བར་བྱེད།།ངན་སོང་གནས་རྣམས་སྟོངས་པར་བྱེད།།ཡང་དག་མཆོག་གི་སྙིང་པོ་འགྲུབ།།དབང་པོ་ཡུལ་དུ
403a5 སྣང་བ་ཀུན།།ཡུལ་རྣམས་ཡོད་པ་མ་ཡིན་ཏེ།།ཀུན་གཞི་རྣམ་པར་ཤེས་པ་ཉིད།།དངོས་པོ་སྣ་ཚོགས་བེར་སྣང་སྟེ།།སྣང་བའི་དངོས་པོ་རྣམས་བཤིག་ན།།སོ་སོའི་མཚན་ཉིད་རྣམ
403a6 བི་ཤིག་ནས།།གཞིགས་ན་ན་མཁའི་ངང་དུ་ཞི།།ནམ་མཁའ་དེ་ཉིད་ལྔས་གཞིགས་ན།།མཚན་ཉིད་མེད་པའི་དབྱིངསུ་ཐིམ།།ཐམས་ཅད་ཀུན་གྱི་འབྱུང་གནསོ།།གཞི་རྩ་མེད་པའི་སྐད
403a7 གཅིག་མ།།སྣང་བ་མི་འགོག་ཐབས་ཡིན་ཏེ།།རང་བཞིན་མེད་པ་ཤེས་རབ་ཉིད།།ཉོན་མོངས་རྣམ་པར་ཤེས་པ་ནི།།ཀུན་གཞི་ཉིད་སྣང་སྤྱད་ཡུལ་ལ།།ང་དང་བདག་ཏུ་རྣམ་པར་རྟོགས།།




iiif viewer powered by OpenSeadragon

402b - 403b

Texts on this page

N750 - gsang ba'i snying po de kho na nyid nges pa