e-texts navigator
Collection
Volume
Page
Wylie

402b1 དཀྱིལ་འཁོར་མ་ལུས་མཆོད་པ་ཡིན།།བདེ་བ་ཆེན་པོ་རྫོགས་པའོ།།རྣལ་འབྱོར་ལ་སུ་རུང་རྣམས་ཀྱིས་རྣམ་པ་མང་པོས་བརྒྱན་པ་དང་།སྦྱོར་མཆོད་དག་གིས་ལོངས་སྤྱོད་ན།།དཀྱང།
402b2 འཁོར་བས་མ་ཡས་ལྷུན་གྲུབ་འགྱུར།།བདེ་ཆེན་དཀྱིལ་འཁོར་འབར་གྱུར་ནས།།སྡིག་པའི་མུན་ནག་སེལ་བར་བྱེད།།དཔུང་གི་ཚོགས་ཀྱིས་མི་ཐུབ་པའི།།མཐུ་ཆེན་དྲུག་ཀྱང་འགྲུབ
402b3 པར་བྱེད།།ཚོགས་ཀྱི་ཕྲིན་ལས་ཞེས་བྱ་བའི་དམ་ཚིག་ནི།།བྱེད་པ་མེད་པའི་ཚུལ་གྱིས་ནི།།ཀུན་ལ་ཐོགས་པ་མེད་པར་སྤྱད།།ཐམས་ཅད་མ་ལུས་འདུལ་བར་བྱེད།།མི་མཐུན་ཕྱོགས
402b4 ནས་དབང་དུ་བྱེད།།ཡོན་ཏན་ཆེན་པོ་འཕེལ་བར་བྱེད།།ཁྲོ་བོ་གཏུམ་པའང་ཞི་བར་བྱེད།།ཐམས་ཅད་ཀུན་ལ་སྤྱད་བདེ་བོ།།ཆགས་པ་མེད་པའི་ཚུལ་གྱིས་གནས།།དབྱིངསུ་བསྡུས
402b5 པས་དཀྱིལ་ཡིན་ཏེ།།འཕྲོ་འདུ་མང་པོའི་འཁོར་གྱིས་བསྐོར།།མཉམ་པ་ཆེན་པོའི་ང་ཉིད་ནི།།དེ་ལྟ་བུ་ཡི་ཚུལ་དུ་གནས།།འཁོར་གྱི་འཕྲ་མེན་ཚིམ་བྱེད་ཅེས་བྱ་བའི་དམ་ཚད
402b6 ནི།བདག་ཉིད་འདུལ་བའི་དབང་ཕྱུག་ཏུ།།རྟག་ཏུ་མཉམ་བཞག་ཁྲོ་བོའི་ཚུལ།།འཁོར་གྱི་ཁྲོ་རྣམས་དེ་བཞིན་ཏོ།།མདོག་དང་ཕྱག་རྒྱ་ཐམས་ཅད་དང་།།སྔགས་མཆོག་དམ་པ
402b7 མ་ལུས་འདོན།།དེ་ནས་འཕྲ་མིན་འཁོར་བསྡུས་ནས།།སོ་སོའི་ལས་དང་འཐུན་བྱས་ཏེ།།སོ་སོའི་གན་སུ་བཞག་པར་བྱ།།དབང་དུ་བསྡུ་དང་བསྒོམ་པའི་ཐབས།།ཇི་ལྟར་འཚམ་པ་བཞིན




iiif viewer powered by OpenSeadragon

402a - 403a

Texts on this page

N750 - gsang ba'i snying po de kho na nyid nges pa