e-texts navigator
Collection
Volume
Page
Wylie

402a1 མཆོད་པ་ཞེས་བྱ་བའི་དམ་ཚིག་ནི།།ཐབས་དང་ཤེས་རབ་ལྡན་གྱུར་ཅིང་།།བྱང་ཆུབ་སེམས་དང་མ་ཆགས་པའི།།གཉིསུ་མེད་པར་ཐིམ་གྱུར་ན།།ཚོགས་ཆེན
402a2 གཉིས་ཀྱང་རྫོགས་པར་ལྡན།།འདོད་ཡོན་ལྔ་པོ་ཐམས་ཅད་དང་།།སྣ་ཚོགས་སྣང་བ་ཐམས་ཅད་ཀུན།།དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་།།གཟུགས་མཛེས་ལྷ་དང་ལྷ
402a3 མོར་བརྟགས།།ཐམས་ཅད་མ་ལུས་སྒྲ་རྣམས་ནི།།ཆོས་ཀྱི་གྲུ་ཆེན་ཡིན་པ་དང་།།དྲན་སོང་སྦྱོང་ཞིང་ཐར་ལམ་སྟོན།།སྟོང་གསུམ་གྲག་པའི་སྒྲ་ཆེན་དང་།།ཐམས་ཅད་འཇལ་བའི་སྒྲ
402a4 ཡང་ཡིན།།བདེ་བ་ཚི་མ་བྱེད་བསོད་ནམས་ཏེ།།བརྗོད་མེད་མི་གནས་ཡེ་ཤེས་ཡིན།།འདི་ནི་ཆགས་མེད་པདྨའི་གསུང་ཆོས་ཉིད་དངོས་པོ་མེད་པ་ལ།།དྲི་ཡིས་མཆོག་ཏུ
402a5 ཚིམ་བྱེད་པ།།བསོད་ནམས་ཚོགས་ཆེན་ཡིན་པར་བཤད།།ཆགས་མེད་ཡེ་ཤེས་ཚུལ་ཡིན་ཏེ།།དེ་བཞིན་དྲི་ཡིས་མཉེས་མཆོད་ན།།རིགས་འཛིན་ས་རྣམས་བསྐུལ་བར
402a6 འགྱུར།།ངན་སོང་གསུམ་དུ་ཆོས་ཀྱི་དྲི།།ཀུན་ཏུ་བདེ་གནས་ཐོབ་པར་བྱེད།།བདེར་གཤེགས་དཀྱིལ་འཁོར་མ་ལུས་པ།།བདེ་བའི་རོ་ཡིས་མཆོད་པར་འགྱུར།།ཚི་མི་བྱེད་བསོད
402a7 ནམས་ཚོགས་ཆེན་འགྱུར།།དངོས་པོར་མི་འཛིན་བསོད་ནམས་ཚོགས།།དེ་ལྟ་བུ་ཡི་རོ་མཆོག་གིས།།ཐམས་ཅད་ཀུན་ལ་ཚིམ་པར་འགྱུར།།ཡི་དགས་དན་དུ་ལོ་སྤྱོད་ལྗོན།།




iiif viewer powered by OpenSeadragon

401b - 402b

Texts on this page

N750 - gsang ba'i snying po de kho na nyid nges pa