| | e-texts navigator
|
401b1 །རློབས་ཚོགས་སྣང་བ་ནི།།ཐབས་ཆེན་དག་ཏུ་རྟག་ཏུ་མཉམ།།མཚན་ཉིད་སོ་སོར་གནས་པ་ནི།།ཤེ་སཱ་རཿ་དབྱིངས་ཀྱི་དང་དུ་མཉམ།།རྣམ་པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པ་ནི།རྣམ
401b2 རྟོག་ཀུན་གཞི་མ་ཡིན་པ།།རང་བཞིན་མེད་པ་དོན་གྱི་གཞི།།འདི་ནི་ཆོས་ཀྱི་དབྱིངས་ཞེས་བྱ།།དེ་བཞིན་ཉིད་ཀྱི་ཡེ་ཤེ་སོ།།ཆོས་རྣམས་མ་ལུས་ཐམས་ཅད་ཀུན།།ང་དང་བདག་ཏུ་མི་འཛིན
401b3 ཅིང་།།ཀུན་ཀྱང་དབྱེར་མེད་པ་ཡིན་པས།།ཐམས་ཅད་མེ་ལོང་ལྟ་བུའི་ཚུལ།།ཐམས་ཅད་ཀུན་ལ་ཡུད་རྟོག་ཅིང་།།རྟོག་དང་དག་པར་བྱ་བ་མེད།།དུས་གདུམ་ཀུན་ཏུ་མི་དམིགས་པ།།འདི།།
401b4 ནི་མཉམ་ཉིད་ཡེ་ཤེས་ཡིན།།ལོག་རྟོགས་དབང་པོའི་སྤྱོད་ཡུལ་སྤངས།།དབང་པོའི་ཡུལ་རྣམས་དངོས་མེད་པར།།ཐམས་ཅད་དབྱེར་མེད་དེ་བཞིན་ཉིད།།སོ་སོར་རྟོག་པའི་ཡེ་ཤེས
401b5 ཡིན།།མཉམ་པ་རྣམ་ལྔ་དེ་ལྟར་བརྟགས།།ཆོས་རྣམས་མ་ལུས་ཐམས་ཅད་ལ།།ཡེ་ནས་རང་བཞིན་མེད་པ་དང་།།ཐབས་ཆེན་ལྷུན་གྱིས་གྲུབ་པར་རྟགས།།འདི་ནི་ཡང་དག་རྟོགས་པ
401b6 ཡིན།།ཚོགས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དམ་ཚིག་ནི།།བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ།།རང་རིག་མཐའ་དབུས་མེད་པའི་དཀྱིལ།།ཡེ་ཤེས་བཞི་འཕྲོ་འཁོར་ལོའི་ཚུལ།
401b7 ཡང་ན་རྡོ་རྗེ་སེམས་དཔའ་ཉིད།།རིགས་བཞིའི་ལྷ་དང་ལྷ་མོ་དང་།།འཁོར་གྱི་ཁྲོ་བོ་ཁྲོ་མོ་དང་།།ཡང་ན་འདས་པའི་དཀྱིལ་འཁོར་ཉིད།།འཇིག་རྟེན་ཚོགས་འཁོར་ཡི་ནོ།།ཚོགས་ཀྱི
iiif viewer powered by OpenSeadragon
401a - 402a