| | e-texts navigator
|
401a1 པར་ཤེས་པ་བརྒྱད་ཡེ་ཤེས་ལྔར་མཉམ་པའོ།།དེ་ལ་དོན་དམ་པར་སྐྱེ་བ་མེད་པར་མཉམ་པ་ནི།།ཆོས་རྣམས་མ་ལུས་ཐམས་ཅད་ཀུན།།དེ་བཞིན་ཉིད་དང་སྟོང་།།
401a2 པའི་མཐའ།།ཡང་དག་པ་དང་ཆོས་ཀྱི་དབྱིངས།།མཚན་ཉིད་མེད་ཅིང་དམིགསུ་མེད།།གཟུང་དུ་མེད་ཅིང་སྨོན་པ་མེད།།ཡེ་ནས་མྱ་ངན་འདས་པ་ཡིན།།ཐམས་ཅད་ན་མཁའི་མཚན།
401a3 ཉིད།ན་མཁའ་ལ་ཡང་མཚན་ཉིད་མེད།།ཀུན་རྫོབ་སྒྱུ་མར་མཉམ་པ་དང་།།འདུས་བྱས་དངོས་པོ་སྣ་ཚོགས་ནི།།སྒྱུ་མའི་ཚུལ་དུ་ཐམས་ཅད་སྣང་།།འཕྲལ་གྱི་བྱ་བ་ཀུན་ཀྱང་བྱེད།།
401a4 རྟོག་པ་ཀུན་གྱི་མཚན་མ་སྣང་།།འདི་དག་ཐམས་ཅདེ་གཟུགས་བརྙན་ཏེ།།བྱ་བྱེད་སྣང་ཞིང་དངོས་པོ་མེད།།ཆུ་ཟླ་འི་ཚུལ་དུ་ཐམས་ཅད་གནས།།ཐམས་ཅད་སྣང་ལ་རང་བཞིན
401a5 མེད།།དོན་དམ་ཀུན་རྫོབ་དབྱེར་མེད་ན།།ཆོས་རྣམས་མ་ལུས་ཐམས་ཅད་ཀུན།།གཞི་རྩ་མེད་ལས་ཐམས་ཅད་འབྱུང་།།ཡོད་དང་མེད་པ་གཉི་ག་མིན།།དོན་དེམ་ཀུན་རྫོབ
401a6 དབྱེར་མེད།།འདུས་མ་བྱས་ཉིད་འདུས་བྱས་སྣང་།།སྣང་བ་ཉིད་ན་དངོས་པོ་མེད།།དངོས་མེད་དེ་ཉིད་སྣ་ཚོགས་ཏེ།།དེ་ཉིད་སྒྱུ་མ་མིག་ཡོར་ཚུལ།།འབྱུང་བ་ཆེན་པོ་ལྔ་དེ་བཞིན་།
401a7 གཤེགས་པ་ལྡིར་མཉམ་པ་ནི།།ས་ཆུ་མོ་རླུང་ན་མཁའ་ལས།།ཡ་མཚན་སྣ་ཚོགས་འབྱུང་འགྱུར་བ།།གཞི་རྩ་ཡོད་པ་མི་ཡི་ན་ཏེ།རང་བཞིན་དང་གོས་དེ་ལྟར་འབྱུང་།།སཽ་རི
iiif viewer powered by OpenSeadragon
400b - 401b