| | e-texts navigator
|
400a1 །ཞེས་བྱ་བྱ་བའི་དམ་ཚིག་ནི།།མཐའ་དང་དབུས་མོད་དེ་བཞིན་དུ།།དབྱེར་མེད་ངང་དུ་གནས་པ་ལ།།ཡེ་ཤེས་རྟོགས་པའི་དོན་བྱ་ཕྱིར།།ཕྱོགས་དང་དབུསུ་ག
400a2 པར་བྱ།།སེམས་ཅན་མི་རིག་མདོངས་པ་ལ།།ཉོན་མོངས་མ་རིག་གསལ་བྱའི་ཕྱིར།།ཡེ་ཤེས་སྒྲོལ་མ་འོད་འབར་བས།།མ་རིག་མུན་པ་སེལ་བ་རི་བྱེད།།དེ་ཕྱིར་དེ་ལ་ཤར་ཞེས
400a3 བྱུ་སེམས་ཅན་མ་ལུས་ཐམས་ཅད་ལ།།ཉོན་མོངས་སྡུག་བསྔལ་མི་གནས་ཤིང་།།མ་རིག་མུན་པ་ནུབ་འགྱུར་བས།།དེ་ལ་ནུབ་ཀྱི་ཕྱོགས་ཞེས་བྱ།།སེམས་ཅན་ཀུན་གྱི་ཉོན
400a4 མོངས་ཀུན།།ཡེ་ཤེས་ཆེན་པོ་བདག་མེད་པས།།སྡུག་བསྔལ་རབ་ཏུ་བྱུང་བྱས་ནས།།དེ་ལ་བྱང་གི་ཕྱོགས་ཤེས་བརྗོད།།དེ་ལྟར་མ་ལུས་ཐམས་ཅད་ལ།།ཐུགས་རྗེ་ཤར་དང
400a5 སྒྲིབ་པ་ནུབ།།རྣམ་རྟོག་མཚན་ཉིད་བྱང་གྱུར་ན།།དྲིའི་ཡོན་ཏན་ཆེན་པོ་རྫོགས།།དེ་ལྟར་ཆོས་རྣམས་མ་ལུས་ཀུན།།རང་བཞིན་ཉིད་ཀྱི་དབྱིངསུ་འདུས།།ཕྱོགས་རྣམས་མ་ལུས
400a6 ཐམས་ཅད་ཀུན།།དེ་བཞིན་ཉིད་དུ་ཟླུམ་པའི་ཚུལ།།ཕྱོགས་རྣམས་ཀུན་ལ་དེ་ལྟར་བལྟ།།མ་རིག་ཕྱིན་ཅི་ལོག་རྣམས་ཀྱིས།།ཕྱོགས་རྣམས་སོ་སོར་གཟུང་འགྱུར་ན།།རྟག་ཏུ་ཉོན་མོང
400a7 འཁོར་བར་འགྱུར།།དབང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི།།ཡུལ་ལྔ་དག་ལ་དབང་བྱེད་ཅིང་།།ཕྱིན་ཅི་ལོག་ནི་དངོས་པོར་འཛིན།།དངོས་པོར་གཟུང་བས་ཁམས་གསུམ་འཁོར།།
iiif viewer powered by OpenSeadragon
399b - 400b