e-texts navigator
Collection
Volume
Page
Wylie

399b1 སྦྱར་ཏོ།།མཐོ་རིས་འགྲོ་འམ་ངན་སྡེང་འགྲོ།རྟགས་དང་མ་རྟོ་བླས་ཁྱད་པའོ།།བཞི་པོ་མཉམ་པའི་ངང་ཤོས་ན།།འདི་ནི་ཡོ་ཤེས་ཆེན་པོ་ཡིན།།ཁ་དོག་ལྔ་ཡི་དམ་ཆོག་ན།།སེམས་ཅན་མ་ལུས
399b2 ཐམས་ཅད་ལ།།ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཀྱང་།།རང་གི་རྣམ་རྟོག་བསྒྲིབས་བྱས་ཏེ།།ཡེ་ཤེས་ལྔ་ཡི་དོན་མ་མཐོང་།།མ་མཐོང་རྨོངས་པ་ཐམས་ཅད་ལ།།ཡེ་ཤེས་མཚན་ཉིད་བསྟུན
399b3 པའི་ཕྱིར།།དཀར་དང་དམར་དང་སེར་བ་དང་།།ལྗང་ཁུ་ལ་སོགས་ནག་པོར་བསྟན།།ཆོས་རྣམས་བདག་མེད་རྟོགས་བྱས་ནས།།བྱང་ཆུབ་སེམས་ཉིད་དག་པའི་ཕྱིར།།ཤིན་ཏུ་མདོག་ནི
399b4 དཀར་བསྟན་པ།།དེ་རྟོགས་བྱ་ཕྱིར་དག་པའི་མདོག།ཆོས་རྣམས་མ་ལུས་ཐམས་ཅད་ཀུན།།པདྨ་རཱ་ག་ཞེས་བརྗོད་དོ།།ཆགས་དང་ཆགས་པར་བྱ་བ་མེད།།ཆགས་མེད་ཕྱིར་ཡང་དམར་པོའོ།།།
399b5 ཡོན་ཏན་གཏེར་ཆེན་ཟད་མི་ཤེས།།ཐམས་ཅད་འབྱུང་བའི་གནས་ཡིན་ཏེ།།དེ་བཞིན་ཉིད་དབྱིངས་མ་ལུས་ལ།།ཟད་མེད་རིན་ཆེན་གཏེར་འགྱུར་བ།།མདོག་ནི་གསེར་གྱི་མདོག་ཏུ་བསྟན།།
399b6 ཆོས་རྣམས་ཕྱིན་ཅི་ལོག་རྣམས་ལ།།ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས།།དབྱིངསུ་ཡང་དོག་བསྡུ་དགོས་པས།།ལས་རྣམས་མ་ལུས་རྫོགས་པར་བྱེད།།ཀུན་ཏུ་ལས་ནི་ལྗང་གུའི་མདོག།
399b7 དེ་བཞིན་ཉིད་ཀྱི་དབྱིངས་ཉིད་ལས།།ཅིས་ཀྱང་མི་ཚུགས་བཅོ་སུ་མེད།།ཁ་དོག་ནག་པ་དངོས་པོ་ལ།།མཚོན་གཞན་དག་གིས་བསྒྱུར་དུ་མེད།།དེ་བཞིན་ཀུན་ལ་ཤེས་པར་བྱོས།།ཕྱོགས་ལྔ




iiif viewer powered by OpenSeadragon

399a - 400a

Texts on this page

N750 - gsang ba'i snying po de kho na nyid nges pa