| | e-texts navigator
|
399a1 ང་ནི།།ཀུན་ལ་རྣམས་གསུམ་འབྱུང་མོད་ཀྱི།།བདེ་དང་མི་བྱེདེ་དངོས་པོ་མེད།།གཉི་ག་མ་ཡིན་ལུང་མ་བསྟན།།སྣ་ཚོགས་ཚོར་བ་འབྱུང་འགྱུར་ཡང་།།ཚེར་དང་འབྱུང་བ
399a2 གཉི་ག་སྟོང་།།སྟོང་ཉིད་དངོས་པོ་ཡོད་མ་ཡིན།།དེ་རྟོགས་ཆོས་ཀྱི་གོ་བགོས་ཡིན།།འདུ་ཤེས་མཚན་ཉིད་བཤད་པ་ན།།གསུམ་ཚོགས་མཚན་མར་འཛིན་པ་ཡིན།།སོ་སོ་མཚན་ཉིད
399a3 ཤིག་པ་ན།།དངོས་པོ་མེད་དེ་དེ་བཞིན་ཉིད།།དངོས་པོ་དེ་ནི་སྣ་ཚོགས་པ།།བྱ་བྱེད་མེད་པར་ཀུན་ཏུ་འཇུག།ཁམས་གསུམ་མ་ལུས་ཐམས་ཅད་ལ།།མཚན་མཆེ་ཆུང་བསམ་མི་ཁྱབ
399a4 ཁྱབ་མེད་དངོས་པོ་ཡོད་མ་ཡིན།།དེ་ལྟར་རྟོགས་ན་སངས་རྒྱས་མཚན།།འདུ་བྱེད་མཚན་ཉིད་འདི་ལྟར་གནས།།རྩ་བ་བརྒྱད་པའི་གྲངས་འགྱུར་ཏེ།།ལྔ་བཅུ་རྩ་གཅིག་ཀུན་ལ་འཕྱོ།།།
399a5 དོར་རྟོགས་རྩ་བ་ཡོད་མ་ཡིན།།མེད་བཞིན་ལྡོག་གཡོ་རྣམ་པར་འབྱུང་།།དེ་ལ་དངོས་པོར་འཛིན་པ་ནི།།རྟག་ཏུ་ཉོན་མོངས་གཡེངས་གྱུར་ནས།།ཁམས་གསུམ་བརྩོན་ར་ཀུན་ཏུ་འཁོར།།
399a6 ཡང་དག་དོན་ཕྱིར་རིག་པས་ནི།།འཕོ་བའི་གཞི་རྩ་དེ་བཞིན་དེ།།དེ་ལ་རྣམ་རིག་འབྱུང་བ་ནི།།དངོས་པོ་མི་དེ་སྐད་ཅིག་མ།།ཡེ་ཤེས་དབྱིངས་ལ་རོལ་པ་མཛད།།སྤྲུལ་པའི་ཚོགས་ཆེན
399a7 ཡིན་པར་བཤད།།ཀུན་གྱི་འབྱུང་གནས་རྣམ་ཤེས་ཏེ།།དེ་ཡི་དངོས་པོའི་རང་བཞིན་ནི།།ཁ་དོག་དབྱིབས་དང་རིག་རྒྱུན་མིན།།གང་ཡོང་མ་ཡིན་ཉིད་མི་དམིགས།།འདི་ནི་ཀུན་ལ་དབང
iiif viewer powered by OpenSeadragon
398b - 399b