e-texts navigator
Collection
Volume
Page
Wylie

398b1 མེད་མི་དམིགས་པ།།ཤེས་རབ་ཅན་གྱི་གཏི་མུག་ཡིན།།དེ་རྟོགས་དེ་བཞིན་གཤེགས་པའོ།།ང་རྒྱལ་མཚན་ཉིད་བརྗོད་པ་ནི།།མཉམ་པ་ཉིད་ལ་གནས་བྱས་ནས།།ཕྱིན་ཅི་ལོབ་དང་ཐེག་དམན
398b2 ལ།ཤིན་ཏུ་ང་རྒྱལ་ཆེན་པོར་སྣང་།།ང་རྒྱལ་ཞི་བ་སོ་སོ་མིན།།རང་བཞིན་མེད་པས་དབྱིངསུ་འདུས།།འདི་ནི་ཡོན་ཏན་འབྱུང་གནས་ཡིན།།དེ་བཞིན་དག་པར་ཤེས་པར་བྱས།།ཕྲག་དོག་མཚན
398b3 ཉིད་བརྗོད་པ་ནི།།ང་དང་བདག་ཏུ་འཛིན་པ་སྟེ།།འཛིན་ཉིད་དངོས་པོ་ཡོད་མ་ཡིན།།མཉམ་མི་ཤེས་ལ་ཕྲག་དོག་ཅིང་།།ཐམས་ཅད་མཉམ་པ་ཉིད་འདུས།།མཉམ་པ་ལ་ཤིན་ཏུ་སྡོམ།།དེ་བས
398b4 ཕྲག་དོག་ཆེན་པོ་ཡིན།།ཕྱིན་ཅི་ལོག་ཏུ་བདག་ཏུ་བཅིངས།།གཟུང་དང་འཛིན་པས་ཤིན་ཏུ་དོག།གཟུང་འཛིན་བྲལ་བའི་ཡེ་ཤེས་ནི།།དོག་ཡངས་མེད་དེ་ཐམས་ཅད་མཉམ།།དེ་ཉིད་ཤེས་པ
398b5 ལས་རབ་འགྲུབ།།ཕུང་པོ་ལྔ་ཞེས་བྱ་བའི་དམ་ཚིག་ནི།།ཕུང་པོ་ལྔ་པོར་སྣང་བ་ཡང་།།ཀུན་རྫོབ་བྱེ་བ་སྣ་ཚོགས་བྱེད།།བདེ་བའི་ཡུལ་དང་མི་བདེའི་ཡུལ།།སོ་སོའི་རོ་རྣམས་མྱོང་བྱེད་ཅིང
398b6 ལྔ་པོའི་མཚན་ཉིད་བཤིག་བྱས་ནས།།སོ་སོའི་མཚན་ཉིད་དངོས་པོ་མེད།།གང་གིས་དེ་ལ་དངོས་བཟུང་ན།།དྲན་སོང་གསུམ་དུ་སྐྱེ་བར་འགྱུར།།དེ་ལ་གཟུགས་ཀྱི་མཚན་ཉིད་ནི།།སང་བ་ཉི
398b7 ནི་རང་བཞིན་མོད།།སྣང་མེད་དེ་ཉིད་སྣ་ཚོགས་སྟོན།།སྣང་དང་མི་སྣང་གཉིསུ་མེད།།དེ་རྟོགས་རྣམ་པར་ཐར་པའི་གནས།།གཟུགས་ཉིད་ལོང་སྤྱོད་རྫོགས་པའི་སྐུ།།ཚོར་བའི་མཚོ་ནི་ཉིད་བརྗོད




iiif viewer powered by OpenSeadragon

398a - 399a

Texts on this page

N750 - gsang ba'i snying po de kho na nyid nges pa