| | e-texts navigator
|
398a1 ཞེས་བྱ་བའི་དམ་ཚིག་ནི།།མ་རིག་པ་ནི་རིག་པར་འགྱུར།།ཕྱིན་ཅི་ལོ་ག་ནི་ཡང་དག་སྟེ།།ཉོན་མོངས་ལྔ་པོ་དེ་བཞིན་གཤེགས།།དངོས་མེད་རྟོགས་ན་བྱང་ཆུབ
398a2 ལམ།།མ་རྟོགས་ངན་སོང་གསུམ་དུ་འགྲོ།།དེ་བས་ཐོས་བསམས་བསྒོམས་པ་ཡིས།།ཡང་དག་དོན་ཉིད་རྟོགས་བྱས་ཏེ།།ཐམས་ཅད་སངས་རྒྱས་ཉི་སྦྱོར།།འདོད་ཆགས་རང་བཞིན
398a3 མེད་པས་ན།།ཡང་དག་དོན་ལ་ཆགས་བྱེད།།ཆགས་པ་མེད་པའི་ཚུལ་གྱིས་གནས།།མ་ཆགས་པ་ལ་ཆགས་པ་དང་།།ཤིན་ཏུ་ཆགས་མཆོག་ཆེན་པོ་ཡོན།།རྒྱལ་བའི་ཞིང་ཁམས
398a4 འབྱུང་འགྱུར་ཏེ།།སྣང་བ་མཐའ་ཡས་ཞིང་དག་ཡིན།།ཐམས་ཅད་པདྨ་རྫུས་སྐྱེས་ཡིན།།རྡོ་རྗེ་འཛིན་གྱིས་རུ་སྟེ།།ཞེ་སྡང་ཆེན་པོའི་མཚན་ཉིད་ནི།།ཕྱིན་ཅི་ལོག་ལོ་ཞེ་སྡང་ཞིང་།།ཞེ་སྡང
398a5 དངོས་པོ་མེད་ཤེས་ན།།སྡང་དང་མི་སྡང་མཉམ་ཤེས་ཏེ།།ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན།།མཉམ་པ་ཆེན་པོའི་ངང་ཉིད་ནི།།ཐམས་ཅད་ཀུན་ལ་དབྱེར་མེད།།དེ་ལྟར་མ་རྟགས་ཀུན་ལ
398a6 སྣང་།།དེ་བཞིན་ཕལ་གྱིས་མཉམ་མི་ཤེས།།དེས་ནཱི་ཞེ་སྡང་ཉིད་དུ་མཐོང་།།ཡང་དག་རྟོགས་པས་རབ་རྟགས་ན།།ཞེ་སྡང་ཐུགས་རྗེ་ཆེན་པོ་ཡིན།།གཏི་མུག་རྨོངས་པ་ཞེས་བརྗོད་པས།།
398a7 ཆེཆོས་རྣམས་མ་ལུས་ཐམས་ཅད་ཀུན།།དོན་དམ་དུ་ནི་དབྱེར་མེད་ལ།།ཀུན་རྫོབ་སྒྱུ་མ་མིག་ཡོར་ཚུལ།།སྣང་བ་ཉིད་ནི་དངོས་མེད་པས།།དེ་ལ་སུ་ཞོག་བདག་ཏུ་འཛིན།།ཐམས་ཅད་དབྱེར།
iiif viewer powered by OpenSeadragon
397b - 398b