e-texts navigator
Collection
Volume
Page
Wylie

397b1 བྱུ་མེད།།དེ་བཞིན་ཉི་དུ་གཅིག་པ་སྟེ།།ཉེས་པས་མཱི་གོས་པདྨ་བཞིན།།ཐམས་ཅད་མ་ལུས་དབྱིངས་འདུས་པས།།འདི་ལ་བྱ་བ་རྡུལ་ཙམ་མེད།།མ་བྱས་བཞིན་དུ་དོན་གྲུབ་པ།།ཛྙཱན
397b2 ཡོན་བྱང་ཆུབ་ཉིད་དུ་སྦྱོར།།འདི་ནི་ལས་རྣམས་གྲུབ་པ་ཡིན།།ཆོས་རྣམས་མ་ལུས་ཐམས་ཅད་ཀུན།།མཐའ་དེང་དབུས་མེད་དུ་མཽར་བྲལ།།གང་ཡང་མ་ཡིན་དེ་བཞིན་ཉིད།།དབྱེར་མེད་པ་ཡི
397b3 ཚུལ་རྟོགས་ཏེ།།འདི་ནི་དེ་བཞིན་གཤེགས་པའི་རིགས།།སྣང་སྲིད་མ་ལུས་ཐམས་ཅད་ལ།།གསལ་ཞིང་དྲོ་བའི་གནས་བྱེད་ཅིང་།།མཚན་མ་བག་ཆགས་སྲེག་བྱེད་པ།།འདི་ནི་མེའི་རིགསུ
397b4 བཤད།།ཆོས་རྣམས་མ་ལུས་ཐམས་ཅད་ལ།།དངོས་པོར་སྣང་ལ་གཟུང་དུ་མེད།།སྐྱོད་ན་ཐམས་ཅད་ཀུན་སྨྲ་ཏེ།།འདི་ནི་རླུང་ཆེན་ཡིན་པར་བཤད།།དམ་ཚིག་ཆེན་པོའི་མདོ་རྣམས
397b5 ལས།།འབྱུང་བ་ལྔ་རྣམས་བཤད་པ་ནི།།ཐམས་ཅད་མ་ལུས་འབྱུང་བའི་གནས།།ཐམས་ཅད་ཀུན་གྱི་མཛོད་སྐྱོང་ཡིན།།ཆོས་རྣམས་མ་ལུས་ཐམས་ཅད་ལ།།སྲ་ཞིང་རྟན་པའི་གནས་ཡོད
397b6 པས།།དངོས་པོ་མེད་པའི་ཚུལ་རྟོགས་ཏེ།།འདི་ནི་ས་ཆེན་ཡིན་པར་བཤད།།ཆོས་རྣམས་མ་ལུས་ཐམས་ཅད་ལ།།དེ་བཞིན་ན་མཁའ་ཆེན་པོ་ཡིས།།ཕྱི་དང་ནང་གི་གོ་འབྱེད་པའོ།།ཐམས
397b7 ཅད་གསལ་བའི་ངང་ཉིད།།འབྱུང་བ་བཞི་པོ་ཐམས་ཅད་ཀྱང་།།ཐམས་ཅད་ན་མཁའི་ང་དུ་ཐིམ།།ཆོས་རྣམས་མ་ལུས་ཐམས་ཅད་ཀུན།།དེ་བཞིན་ཉིད་ཀྱི་དབྱིངསུ་འུག།།ཉོན་མོངས་ལྔ་པ




iiif viewer powered by OpenSeadragon

397a - 398a

Texts on this page

N750 - gsang ba'i snying po de kho na nyid nges pa