e-texts navigator
Collection
Volume
Page
Wylie

397a1 བ་ཡོང་མི་ཤེས།།ཁ་ཅིག་ལྷ་སྤྱོད་གཉི་ག་མེད།།ཡང་དག་སྐྱེས་མཆོག་དམ་པ་ཡིན།།དོན་དམ་ཀུན་རྫོབ་དབྱེར་མེད་པས།།ཡོད་དག་ཉིད་དུ་རབ་ཏུ་རྟོགས།།བླ་མེད་ཐོག
397a2 ཆེན་དང་གནས་ནི།།དོན་དམ་ཀུན་རྫོབ་དབྱེར་མེད་དེ།།ཀུན་རྫོབ་ཙམ་དུ་ཐམས་ཅད་ལ།།ངག་དང་མ་དྲག་གཉིས་ཀར་འཛིན།།ཐབས་ཀྱི་ཐེག་པ་ཆེན་པོ་ནི།།རྣམ་པར་བྱང་དང་སྡུག
397a3 བསྔལ་དག།ཀུན་རྫོབ་ཏུའང་དབྱེར་མེད།།ལྟ་བ་མཐོན་དམན་དེ་ཙམ།།ཐབས་ཀྱི་ལྟ་སྤྱོད་ཆེན་པོ་ནི།།བླ་མེད་ཐེག་པ་ལས་འཕགས་པ།།དོན་དམ་དུ་ནི་ནེར་བདུན།།ཀུན་རྫོབ་དུ་ནི
397a4 མཉམ་རྫོགས་སོ།།མཉམ་པ་ཉིད་ལ་མ་གཡས་བཞིན།།ཐབས་ཀྱི་ཕྱག་རྒྱ་ཆེན་པོ་སྟོན།།ཐབས་དང་ཤེས་རབ་རྣམ་པར་དག།ཐམས་ཅད་དག་ཅེས་བྱ་བ་ཡང་།།དངོས་པོ་གསལ
397a5 དག་མ་ཡིན་ཏེ།།སྣང་སྤྱོད་གཉིས་ན་རྣམ་པར་དག།དམ་ཚིག་ཆེན་པོའི་མདོ་རྣམས་ལས།།རིགས་ལྔ་དག་ཏུ་བསྟན་པ་ནི།།ཆོས་རྣམས་མ་ལུས་ཐམས་ཅད་ཀུན།།རིགས་ཆེན
397a6 དདུག་ཏུ་ཟད་པར་འདྲེས།།མཱ་ལུས་ཆོས་ཀུན་དབྱེར་མི་དམིགས།།ཅིས་ཀྱང་མི་ཚུགས་རྡོ་རྗེ་ཡིན།།རིགས་ངན་འཇོམས་པས་རྡོ་རྗེ་ཡིན།།མི་དམིགས་དབྱིངས་ནས་ཀུན་འབྱུང་བ།།
397a7 ཡོན་ཏན་ཆེན་པོ་གནས་ཡིན་ཏེ།།ཞིང་ཁམས་མི་བཟད་གནས་ཀྱང་ཡིན།།འདི་ནི་རིན་ཆེན་རིགསུ་གསུངས།།ཆོས་རྣམས་ཐམས་ཅད་དབྱེར་མེད་པས།།ཆགས་དང་ཚིགས་པར




iiif viewer powered by OpenSeadragon

396b - 397b

Texts on this page

N750 - gsang ba'i snying po de kho na nyid nges pa