e-texts navigator
Collection
Volume
Page
Wylie

396b1 དམན་གནས་དང་ལམ་དྲུག་དང་།།རང་བཞིན་མེད་ལ་ཅིར་ཡང་འགྲུབ།།སོ་སོར་དེ་བཞིན་འཁོར་བར་གཟིགས།།སྔགས་མཆོག་བླ་ན་མེད་པས་ནི།།མཚན་མ་ཀུན་དང་མི་རྟག་པར།།མཚན
396b2 མ་ཀུན་དང་ཐམས་ཅད་མེད།།ཀུན་དང་མཉམ་པ་ཉིད་ཡིན་པས།།འཇིག་རྟེན་འདས་དང་འཇིག་རྟེན་པའོ།།སོ་སེར་ལྟ་བ་བརྗོད་མི་བྱ།།སྤྱི་ནི་ལོག་རྟོག་བསམ་ཡས་པ།།ཡ་ནས་ཡོད་པ།།
396b3 མ་ཡིན་ཏེ།།སོ་སོའི་རྣམ་རྟོག་བག་ཆགས་ཀྱིས།།གཟུང་འཛིན་དྲ་བས་བསྒྲིབས་འགྱུར་ཏེ།།ཅི་ཡང་མེད་ལ་ཅིར་ཡང་སྣང་།།སྡོང་པོ་ཉིད་ན་རང་བཞིན་མེད།།དེ་ལྟར་རྟོགས་ན་འགྲོ་ཧཱ།
396b4 གནས།།རྡོ་རྗེ་ཅན་གྱིས་དེ་ལྟར་རྟོགས།།རྣལ་འབྱོར་ཆེན་པོའི་ལྟ་སྤྱོད་ནི།།ཅིར་ཡང་སྤྱོད་ཀྱང་རང་བཞིན་མེད།།མཁའ་ལ་བྱེ་ཆེན་ལྡིང་བ་བཞིན།།ཆུ་ལ་སྦྱར་ཆེན་འཕྱོ་བ་བཞིན།།།
396b5 མཁའ་ལ་རླུང་ཆེན་འགྲོ་བ་བཞིན།།རྣལ་འབྱོར་ལྟ་བ་དེ་ལྟར་བལྟ།།རྣལ་འབྱོར་སྤྱོད་པ་ཆེན་པོ་ནི།།ཐམས་ཅད་ཀུན་ལ་དབྱེར་མེད་སྤྱོད།།བདེ་བའི་རོ་མཆོག་མྱོང་བར་འགྱུར།།དེ་ལ་སུ
396b6 ཞིག་ཆགས་པར་བྱེད།།སྤྱོད་བཞིན་མཆགས་ཡེ་ཤེས་ཡིན།།བདེ་བའི་མཆོག་ཉིད་བསོད་ནམས་ཚོགས།།དེ་ལྟ་བུའི་ངང་དུ་སྤྱོད།།འདི་ནི་སྤྱོད་པ་རླབས་ཆེན་ཡིན།།ལྟེ་སྤྱོད་ཡ་ཚར
396b7 མ་གྱུར་པར།།སྔགས་འཆིང་རྣམས་ཀྱིས་རྟག་ཏུ་སྤྱད།།ཁ་ཅིག་ལྟ་བ་མཉམ་གནས་ཀྱང་།།སྤྱོད་པ་དག་དང་ཡང་མི་མཐུན།།ཁ་ཅིག་སྤྱོད་པ་རྫོགས་བྱེད་ཀྱང་།།མཉམ་པའི་ལྷ




iiif viewer powered by OpenSeadragon

396a - 397a

Texts on this page

N750 - gsang ba'i snying po de kho na nyid nges pa