e-texts navigator
Collection
Volume
Page
Wylie

396a1 བའི་ས།།མཉམ་པའི་དོན་ཉིད་མི་རྟོགས་ཤིང་།།ཚད་མེད་བཞི་དང་བསམ་གཏན་བཞི།།རིམ་པར་སོ་སོར་བདག་འཛིན་ཅིང་།།གཟུགས་ཚོགས་དག་ལ་བདག་ཏུ
396a2 རྟོག།འདི་ནི་ཚངས་གནས་རིམ་པར་སྐྱེ།།མཉམ་དང་གཟུགས་མེད་མ་རྟོགས་པར།།མིང་བཞི་མེད་པར་མ་ཤེས་ཏེ།།སྐྱེ་མཆེད་བཞི་ལ་གནས་འགྱུར་བས།།སྲེད་པའི་རྩེ་མོའི
396a3 སྭ་རུ་སྐྱེ།།ཐམས་ཅད་མཉམ་པར་མ་ཤེས་ན།།མ་ལུས་ཀུན་ལ་ཞེ་སྡང་ཞིང་།།སྙིང་རྗེ་ཡང་དག་མེད་འགྱུར་ན།།འདི་ནི་མོ་ཟད་ཆེན་པོ་ཡི།།དམྱལ་ཁམས་བཅུ་དྲུག་གནས་པ
396a4 ཡིན།།ཚོགས་མེད་དངོས་པོ་མི་ཤེས་ནས།།ཐམས་ཅད་ཀུན་ལ་འདོད་ཆགས་ཤིང་།།ལུས་ཀྱིས་བསྒྲིབས་དང་ཟས་ཀྱིས་བསྒྲིབས།།ཡི་དགས་ཆེན་པོའི་གནསུ་སྟེ།།ང་དང་བདག
396a5 མེད་མིང་ཤེས་ཤིང་།།ཆོས་རྣམས་ཀུན་ལ་རྨོངས་བྱས་པས།།ཤེས་རབ་མི་གསལ་དོན་མེད་པས།།དགེ་སྡིག་གཉིས་ཀྱི་དོན་མ་རྟོགས།།འདི་ནི་བྱོལ་སོང་གན་སུ་སྟེ།།ཤིན་ཏུ་ང་རྒྱལ
396a6 ཆེར་སྐྱེ་ཅིང་།།ཐམས་ཅད་བདག་གིར་གཟུང་བས་ན།།ཀུན་དྲང་རྩོད་པའི་ལས་བྱེད་པ།།ལྷ་མ་ཡིན་གྱིས་གྲན་སུ་སྐྱེ།།ཐིག་མཆོག་མཐོན་དམན་ཐམས་ཅད་དང་།།འཇིག་རྟེན་ལྟ་བ
396a7 ཐམས་ཅད་ཀུན།།ཡེ་ཤེས་ཆེན་པོས་རབ་རྟགས་ན།།རང་བཞིན་མེད་ལ་ཅིར་ཡང་འགྲུབ།།རང་བཞིན་དབྱིངས་ལས་ཉམས་པ་མེད།།ཤེས་རབ་ཆེན་པོ་མིག་ལྡན་པས།།མཐོན




iiif viewer powered by OpenSeadragon

395b - 396b

Texts on this page

N750 - gsang ba'i snying po de kho na nyid nges pa