| | e-texts navigator
|
395b1 འཛིན་ཆགས་མ་ལུས་ཐམས་ཅད་ཀུན།མཁའ་ལ་རུང་ཚོན་འཕྲོ་བ་བཞིན།།ཡིད་བྷཱུ་རྟོག་ཆགས་མ་ལུས་པ།།ཆུ་ལ་ཉ་ཚོན་འཕྲོ་བ་ལྟར།།རྣལ་འབྱོར་ལྟ་བ་དེ་ལྟར་ལྟོས།།དེ་ལྟར་རྟག
395b2 པའི་ཤེས་རབ་ཀྱིས།།ཚིག་ཙམ་མ་ཡིན་བློ་གཏིང་སྤོས།།རྡོ་རྗེ་ཐེག་མཆོག་ཁ་ཆོས་ལ།།མཉམ་པའི་དོན་ཉིད་མི་ཤེས་པར།།གསང་སྔགས་དྲིམ་ཚིག་མཉམ་ཟེར་ཞིང་།།ཐུགས
395b3 ཐུབ་དག་གིས་སྤྱད་བྱས་པ།།དམྱལ་ཁམས་དག་ཏུ་རྒྱུད་པར་འགྱུར།།མཉམ་པའི་དོན་ཉིད་ཇི་ལྟ་བུ།།མཉམ་དང་རྟོགས་པ་གང་ཡང་མིད།།ཇི་ལྟ་མི་གནས་ཡུལ་ལ་སྤྱོད།།སྤྱོད
395b4 པར་བྱེད་དང་སྤྱོད་པ་མེད།།དེ་ལྟར་རྟོགས་པའི་རིགས་མཆོག་ནི།།རྡོ་རྗེ་རིག་འཛིན་སྐྱེ་བ་ན།།འཇིགས་མེད་ཀུན་ཏུ་བཟང་པོར་སྦྱར།།ཡོན་ཏན་མི་ཟད་གནས་པ་ཡིན།།མཉམ་པའི
395b5 དོན་ཉིད་མི་ཤེས་ཤིང་།།ཀུན་རྫོབ་དོན་དམ་གཉིས་མེད་ལ།།ཆོས་དང་གང་ཟག་གཉིས་མེད་ན།།འདི་ནི་བྱང་ཆུབས་པ་ཡིན།།ལས་དང་ཉོན་མོངས་ཐམས་ཅད་ལ།།མཉམ་པའི
395b6 དོན་དུ་མི་ཤེས་ཤིང་།།རྟེན་འབྲེལ་རྒྱུ་འབྲས་ཡོང་འཛིན་ན།།འདི་ནི་རང་སངས་རྒྱས་ཀྱིས།།ཆོས་རྣམས་མཽ་ལུས་ཐམས་ཅད་ལ།།བདེན་བཞིའི་དངོས་པོ་ཡོད་ལྟ་ཞིང་།།སྦྲང་དང
395b7 མི་སྤོང་བྱེད་འགྱུར་བ།།འདི་ནི་ཉན་ཐོས་ས་པ་ཡིན།།དགེ་བཅུ་དག་ལ་གཙོར་ལེན་ཅིང་།།དགེ་དང་མི་དགེ་མི་མཉམ་པས།།ལྷ་དང་མིའི་སྐྱེ་གནས་ཏེ།།འདོང་ཁམས་དག་ཏུ་འཁོར་བ
iiif viewer powered by OpenSeadragon
395a - 396a