| | e-texts navigator
|
395a1 ནས།དབུལ་པོ་གཏོར་དང་གྱད་ཀྱི་ནོར་བུ་འདྲ།།དེ་བས་རྡོ་རྗེ་གསང་མཆོག་འང་།།ཐམས་ཅད་མ་བྱོན་པའི་ཐུགས་རྗེ་ཡིས།།ཆོས་ལ་སྐྱོན་ཡོད་མ་ཡིན་ཏེ།།སེམས།
395a2 ཅན་དོན་ཕྱིར་ཤིན་ཏུ་གསང་།།ཐེག་པ་དམན་དང་ཕྱིན་ཅི་ལོག།དེ་ལ་གསང་དོན་བསྟན་གྱུར་ན།།རང་བཞིན་གསང་དོན་མི་ཤེས་པར།།འཕྲལ་གྱི་སྤྱོད་ཡུལ་དེ་དག་ལ།།ཤིན
395a3 ཏུ་ངེས་པའི་དོན་བཟུང་ནས།།གསང་དོན་དེ་ཉིད་ལོག་པར་ཁྲིང་།།མ་རྟོགས་དེ་ཉིད་དམྱལ་བར་འཁོར།།དེ་བས་ཤིན་ཏུ་གསང་བར་བྱ།།ཐུགས་རྗེ་ཆེན་པོ་དང་ལྡན་པས།།ཐར་ལམ
395a4 ཀུན་ལ་མཁས་པར་བྱ།ཤེས་རབ་མཆོག་དང་ལྡན་པས་ན།།སེམས་ཅན་སྣོད་ཀྱི་རིམ་པ་བཞིན།།ཐེག་པ་མཐོན་དམན་དོན་ཉིད་ནི།།སོ་སོར་འཚམ་པར་བསྟན་དགོསོ།།དང
395a5 དུ་བླང་དང་མི་སྤང་བོ།།རྣལ་འབྱོར་པས་ནི་རྟག་ཏུ་སྤྱད།།ཆགས་པ་མེད་པར་གྱུར་པ་དང་།།དངོས་གྲུབ་ཡ་མཚན་ཆེན་པོ་ནི།།དམ་ཚིག་མདོ་བཤད་ནང་ནས་འབྱུང་།།མ་རྟོག
395a6 པ་ཞེས་སྤྱད་གྱུར་ན།།ཡི་དགས་སྲིན་པོའི་ནང་དུ་སྐྱོ།།ཡོང་ན་དམ་ཚིག་འདི་ལྟ་བུར།།ཇི་ལྟར་སྤྱད་ཀྱང་སྡོམ་པ་མི་འདའ་སྟེ།།བྱེད་གཅོད་ཚོགས་ཆེན་གཉི་སུ་འགྱུར།།འགྲོ་དང
395a7 ཉལ་དང་འདུག་པ་ན།།མཉམ་པ་དེའི་དབྱིངས་ནི་གནས།།ཤེས་རབ་མཆོག་གིས་རྟག་ཏུ་གྱིས།།ཆོས་རྣམས་མ་ལུས་ཐམས་ཅད་ལ།།བྱ་ལམ་ན་མཁའ་གཙང་བཞིན་གྱིས
iiif viewer powered by OpenSeadragon
394b - 395b