| | e-texts navigator
|
394b1 འགྲུབ་པའི་ལམ་ཡང་ཡིན།།མི་གཏོང་སྡོམ་ཞིང་འདྲེན་པའང་ཡིན།།དོན་མཆོག་རྫོགས་པའི་གནས་ཡིན་ཏེ།།རྟག་ཏུ་མཉམ་བཞག་ཕྱག་རྒྱ་ཡིན།།དུག་གསུམ་གཏིང་འབྱིན་སྔགས།།
394b2 ཡིན་ཏེ།།ཡང་དག་དོན་ཆེན་ཀླུང་འདོད་པས།།དུས་མཚམས་མེད་པར་ཕྱག་རྒྱ་སྔགས།།ཡིད་བརྟན་དྲག་ཏུ་བཟླས་བརྗོད་བྱ།།ཡོན་ཏན་ན་མཁའི་མཐའ་དང་མཉམ།།ཕྱག་རྒྱ་བསྐྱོད
394b3 དང་ཡི་གེ་ཨོ།།རྡོ་རྗེ་སློབ་དཔོན་མཚན་ཉིད་བསྟན་པ།།བླ་མེད་དཀྱིལ་འཁོར་སྟོན་པ་པོ།།ཡོན་ཏན་ཟད་མེད་སྦྱིན་པ་ཡིན།།བྱང་ཆུབ་ལམ་ཆེན་འདྲེན་མཛད་པ།།ཆགས་མེད་ཞིང་དུ
394b4 འགྲོད་པ་ཡིན།།ཉོན་མོངས་སྡུག་བསྔལ་རྩད་གཅོད་ཅིང་།།འཁོར་བའི་ལམ་རྣམས་སྟོང་པར་བྱེད།།མ་རིག་མུན་སོལ་སྒྲོན་མེ་ཡིན།།ལོང་བ་རྣམས་ཀྱི་དམིགས་བུ་མཁན།།དེ་ལ་རྟག
394b5 ཏུ་མཆོད་བྱས་ན།།སངས་རྒྱས་བྱང་ཆུབ་ཐག་མེ་རིང་།།རྡོ་རྗེ་མཆེད་དང་ལྷམ་དྲལ་གྱི་མཚན་ཉིད་བསྟན་པ།།རྡོ་རྗེ་རིགས་ཀྱི་སྤྱན་ཡིན་ཏེ།།ཐོག་མ་མེད་ནས་ལས་འཐུན་པས།།ལྷ
394b6 སྤྱད་འཐུན་པས་འདིར་སྐྱེས་ཏེ།།གཅིག་ལ་ཅིག་ནི་མིག་དང་འདྲ།།ཤིན་ཏུ་གདུང་ཞིང་བརྩེ་བར་བྱ།།དམ་ཚིག་ངན་སེམས་དབྱེ་བྱས་ནས།།དམྱལ་བ་ཆེན་པོར་ལྟུང་བར་འགྱུར།།
394b7 ད་བས་དམ་ཚིག་འདའ་མི་བྱེད།།གསང་བའི་དམ་ཚིག་བསྟན་པ་ནི།།དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི།།སྲིད་གསུམ་མོ་ལུས་ཀུན་ལ་ཁྱབ།།ཕྱིན་ཅི་ལོག་གིས་རབ་བསྒྲི
iiif viewer powered by OpenSeadragon
394a - 395a